78243
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ལྷོ་འབྲུག་ཤར་རུད་པ་ཚང་མལ་དུ། རབ་བྱུང་བཅུ་བཞིའི་ཤིང་གླང་ ༡༨༦༥ ལོར་འཁྲུངས། སྐུ་ནར་སོན་ནས་གྲྭ་ཚང་དུ་ཞུགས། མཁན་བློ་གྲོས་རྒྱལ་མཚན་ལས་བསླབ་ཚིགས་སྔ་མ་དང༌། ངག་དབང་དོན་ལྡན་ལས་སྨིན་གྲོལ་ལམ་གྱི་ཁྲིད་རིམ་གསན། དེ་ནས་བུམ་ཐང་དུ་དགེ་བཤེས་སྨིན་དྲུག་ལས་ཚིགས་ཕྱི་མ་དང་གཞུང་ཆེན་སྦྱངས་ཏེ་སླར་བྱོན། མཚན་སློབ་ཀྱི་གོ་སར་བཞུགས། ང་བརྒྱད་པ་ཆུ་ཁྱི་ལ་མཁན་ཁྲིར་ཕེབས། ལོ་ལྔ་ལ་བསྟན་པ་བསྐྱངས། དེ་ནས་རིན་སྤྱི་ཚེ་རིང་དཔལ་འབྱོར་གྱི་དབུ་བླར་སྤ་གྲོ་ཀུན་གླིང་དུ་བཞུགས་པའི་མཐར། དོན་ལྔ་པ་ས་ཡོས་ ༡༩༣༩ ལོར་གཤེགས་སོ། ། |