78246
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ལྷོ་འབྲུག་ཤར་སྦེད་ནག་ཐེམ་པ་ཁར། རབ་བྱུང་བཅུ་གསུམ་པའི་མེ་ཁྱི་ ༡༧༦༦ ལོར་འཁྲུངས། གཞོན་ནུ་ནས་འདུས་སྡེར་ཞུགས། མཁན་ཡོན་ཏན་མཐའ་ཡས་དང༌། རིགས་བདག་ཤེས་རབ་སེང་གེ་ནས་བསླབ་ཚིགས་རིམ་པར་མནོས། ཕྱི་མ་ལས་ཐོས་བསམ་སྨིན་གྲོལ་གདམས་པའི་བཀའ་དྲིན་ཐོབ་སྟེ་ཉམས་བཞེས་སུ་བསྟར། ཞེ་དྲུག་ལ་མཁན་ཁྲིར་ཕེབས། ལོ་ལྔར་བསྟན་པ་བསྐྱངས། ང་གཅིག་པར་ཟུར་བཞུགས་མཛད་ཀྱང༌། སླར་རེ་གཅིག་ལ་ཁྲི་ཐོག་ཉེར་གསུམ་པ་མཛད་ནས་ལོ་ལྔ་བཞུགས། མཁན་ཁྲི་ལན་གཉིས་ཀྱི་རིང་ཡོན་ཏན་རྒྱ་མཚོ་དང༌། ཡོན་ཏན་རྒྱལ་མཚན། སྐལ་ལྡན་ཟླ་བ་སོགས་གདུལ་བྱ་དཔག་ཏུ་མེད་པ་སྨིན་གྲོལ་ལ་བཀོད། འོག་མིན་གཉིས་པའི་གཙུག་ལག་ཁང་རྒྱ་བསྐྱེད་མཛད་དེ། བླ་མའི་གདན་ས་མཐའ་རྒྱས་སུ་བཏང་བའི་མཐར། དགུང་ལོ་རེ་དགུ་པ་ཤིང་རྟ་ ༡༨༣༤ ལོར་གཤེགས་སོ། ། |