78249

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྗེ་མཁན་ཁྲི་ཉེར་བདུན་པ་པདྨ་བཟང་པོ་ (1)
Part of speech མིང་ཚིག
Definition ལྷོ་འབྲུག་ཅང་སྨད་ཨོ་ལ་ཁར། རབ་བྱུང་བཅུ་གསུམ་པའི་ས་ཕག་ ༡༧༧༩ ལོར་འཁྲུངས། སྐུ་ནར་སོན་ནས་འདུས་སྡེར་ཞུགས། བྱམས་སྤྲུལ་ཡེ་ཤེས་རྡོ་རྗེ་དང༌། མཁན་འཇམ་དབྱངས་རྒྱལ་མཚན་ལས་བསླབ་ཚིགས་དང༌། སྨིན་གྲོལ་གདམས་པ་གསན་སྒོམ་མཛད། ལྷ་མོའི་བསྙེན་སྒྲུབ་ལ་སྒྲུབ་རྟགས་ཐོན་ནས་སྒོ་དྲུང་དུ་བོད་སྐད་འཚེར་བར་གྲགས། དགུང་གྲངས་རེ་གཉིས་ལ་མཁན་ཁྲིར་བྱོན། ལོ་བདུན་བསྟན་པ་ཆོས་ཀྱིས་བསྐྱངས། རེ་དགུ་པར་ཁྲི་ལས་བྱོལ། སླར་བདུན་ཅུ་ལ་ཁྲི་པ་རིན་ཆེན་བཟང་པོ་གཤེགས་ནས་མཁན་ཁྲི་ཉེར་དགུ་པ་མཛད། ཕྱི་ལོར་སྤུངས་རྫོང་ལ་མེ་སྐྱོན་ལྔ་པ་བྱུང་ནས་སླར་གསོའི་དབུ་འདྲེན་མཛད་པའི་མཐར། དགུང་ལོ་དོན་གཉིས་པ་ལྕགས་ཁྱི་ ༡༨༥༠ ལོར་མཁན་ཁྲིའི་ཐོག་ཏུ་གཤེགས་སོ། །