78250
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ལྷོ་འབྲུག་ཝང་འགྲམ་མའི་སར། རབ་བྱུང་བཅུ་གསུམ་པའི་མེ་བྱ་ ༡༧༧༧ ལོར་འཁྲུངས། གཞོན་ནུ་ནས་གྲྭ་སྡེར་ཞུགས། མཁན་ཤེར་སེང་དང༌། འཇམ་རྒྱལ་གཉིས་ལས་བསླབ་ཚིགས་རིམ་པར་མནོས། ཕྱི་མ་ལས་སྨིན་གྲོལ་གདམས་པས་ཐུགས་རྒྱུད་སྨིན། ཐུགས་ངེས་འབྱུང་གིས་བསྐུལ་ཏེ། སྐུ་ཚེ་སྒྲུབ་པ་ལ་བཅོལ་བས་ངེས་དོན་གྱི་གྲུབ་པ་བརྙེས། དགུང་གྲངས་དོན་གཅིག་ལ་མཁན་ཁྲིར་ཕེབས་ནས་བསྟན་དོན་མཛད་བཞིན་པར། དོན་གཉིས་པ་ས་སྤྲེལ་ ༡༨༤༨ ལོར་ཁྲི་ཐོག་ཏུ་གཤེགས་སོ། ། |