78257
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ལྷོ་འབྲུག་སྟོད་པ་ཕན་བདེ་ཁར། རྗེ་ཀུན་དགའི་དབོན་དུ། རབ་བྱུང་བཅུ་གསུམ་པའི་མེ་བྱི་ ༡༧༥༦ ལོར་འཁྲུངས། གཞོན་ནུ་ནས་གྲྭ་སྡེར་ཞུགས་ཏེ། ཁུ་བོ་ཀུན་རྒྱམ་དང་དྲིན་ཅན་ཡོན་མཐའ་རྣམ་གཉིས་ཀྱི་ཞབས་ནས་བསླབ་ཚིགས་དང༌། སྨིན་གྲོལ་ལམ་གྱི་རིམ་པ་མཐར་ཆགས་སུ་གསན་སྒོམ་མཛད། དེ་ནས་ཁྲི་སྤྲུལ་འཇམ་དཔལ་རྒྱ་མཚོའི་ཡོངས་འཛིན་དུ་བཞུགས་བཞིན་པར། དགུང་གྲངས་ཞེ་བརྒྱད་ལ་མཁན་ཁྲི་བཟུང༌། ལོ་བཞིའི་བར་བསྟན་པ་བསྐྱངས། ང་གཉིས་པར་ཁྲི་ལས་གཞོལ་ཏེ་དབེན་པར་བྱོན། བཀྲ་ཤིས་སྒང་གི་གདན་ས་རྒྱ་སྐྱེད་མཛད་དེ་སྒྲུབ་སྡེ་དར་རྒྱས་སུ་གནང་བའི་མཐར། དགུང་ལོ་རེ་གཅིག་པ་མེ་བྱི་ ༡༨༡༦ ལོར་གཤེགས་སོ། ། |