78260

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྗེ་མཁན་ཁྲི་བཅུ་བཞི་པ་བསྟན་འཛིན་རྣམ་རྒྱལ་ (1)
Part of speech མིང་ཚིག
Definition ལྷོ་འབྲུག་ཝང་འགྲམ་མའི་སར། རབ་བྱུང་བཅུ་གཉིས་པའི་ཆུ་གླང་ ༡༧༣༣ ལོར་འཁྲུངས། དགུང་ལོ་བཅུ་ལ་འདུས་སྡེར་ཞུགས་ནས་མཁན་བསྟན་འཛིན་ནོར་བུ་ལས་དགེ་ཚུལ་དང༌། རིགས་བདག་བླ་མ་ཤཱཀྱ་རིན་ཆེན་ལས་བསྙེན་རྫོགས་དང་སྨིན་གྲོལ་གདམས་པའི་སྐོར་རྣམས་རྫོགས་པར་གསན། ཡོངས་འཛིན་ཀུན་རྒྱམ་ཞབས་དང་ལྷན་ཅིག་བོད་དུ་བྱོན་ནས་སྒྲ་སྐོར་མཐར་ཕྱིན་མཛད། སླར་འཁོར་ནས་གདོང་དཀར་ཀུན་བཟང་ཆོས་གླིང་གི་དགོན་འཛིན་མཛད་སྐབས་འདུ་འཛིས་ཐུགས་སུན་ཏེ། སྤ་གྲོ་ཆུ་མོ་ཕུའི་ནགས་ཁྲོད་དང་བས་མཐའ་རྣམས་སུ་རི་དྭགས་རྨས་མ་ལྟར་གཅིག་པུར་སྙིང་པོའི་སྒྲུབ་པ་ལྷུར་བཞེས། འགྲོ་དོན་དུས་ལ་བབ་སྟེ་མཁན་པོའི་བརྟག་རིལ་ལས་ཐོན་པ་ལྟར། ཞེ་གསུམ་ལ་མཁན་ཁྲིར་ཕེབས། ལོ་དྲུག་བར་དུ་བསྟན་པ་ལེགས་པར་བསྐྱངས། དེ་ནས་ལུས་མེད་སྙིང་ལ་ཟུག་རྔུར་གྱུར་ཏེ། ཞེ་བརྒྱད་པ་ལྕགས་བྱི་ལ་སྤུངས་རྫོང་མེ་སྐྱོན་དང་པོ་བྱུང་བའི་རྐྱེན་གྱིས་སྙུན་ཐེབས་པའི་མཐར། ཞེ་དགུ་པ་ལྕགས་གླང་ ༡༧༨༡ ལོར་མཁན་ཁྲིའི་ཐོག་ནས་གཤེགས་སོ། །