78261
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ལྷོ་འབྲུག་ཤར་ལུང་གི་ནང་ཚན་རུད་པ་ཟངས་དམར་སྡིངས་སུ། རབ་བྱུང་བཅུ་གཉིས་པའི་ཆུ་ཕག་ ༡༧༤༣ ལོར་འཁྲུངས། གཞོན་ནུ་ནས་འདུས་སྡེར་ཞུགས་ཏེ། མཁན་ཤཱཀ་རིན་ལས་བསླབ་ཚིགས་དང༌། བཀའ་དྲིན་གསུམ་ལྡན་ཡོན་ཏན་མཐའ་ཡས་ལས་མདོ་སྔགས་གཞུང་ལུགས་དང་སྨིན་གྲོལ་བརྒྱུད་པའི་ཕྱག་སྲོལ་གང་ལའང་སྒྲོ་འདོགས་ཆོད་པར་མཛད། དཀྱིལ་འཁོར་སློབ་དཔོན་དང་རྡོ་རྗེ་སློབ་དཔོན་གྱི་གོ་གནས་རིམ་པར་བཞེས་ནས། ང་ལྔ་ལ་མཁན་ཁྲིར་ཕེབས། ལོ་དེར་སྤུངས་རྫོང་མེ་སྐྱོན་གཉིས་པ་བྱུང་ནས་རྗེ་འདིས་ཐུགས་འགན་ཆེར་བཞེས་ཏེ། ལྷ་ཁང་མགོན་ཁང་སོགས་ནང་རྟེན་གྱི་རིགས་ཐམས་ཅད་ཕྱག་བསྟར་ཞིབ་ཆ་མཛད་ཅིང་ལོ་ལྔའི་བར་སྲི་ཞུ་མཐར་འདོན་གནང༌། ཞབས་དྲུང་འཇིགས་གྲགས། ཕྱོགས་སྤྲུལ་ཡེ་རྒྱལ། ཁྲི་སྤྲུལ་ཚུལ་གྲགས་ཏེ་མཆོག་སྤྲུལ་གསུམ་དང༌། མཁན་པདྨ་བཟང་པོ། རིན་ཆེན་བཟང་པོ། སློབ་ཕུར་པ། མཁོ་ཐང་སྒྲུབ་ཅུང་སོགས་སྐལ་ལྡན་གྱི་སློབ་ཚོགས་མང་པོ་བསྐྱངས། དེ་ནས་དགུང་ལོ་རེ་གཅིག་པ་ཆུ་ཕག་ ༡༨༠༣ ལོར་སླར་ཡང་སྡེ་འཁྲུགས་ཀྱི་དབང་ལས་སྤུངས་རྫོང་མེ་སྐྱོན་གསུམ་པ་བྱུང་བའི་རྐྱེན་གྱིས་རྫོང་ནས་དཔྱང་ཐག་ལ་བརྟེན་ནས་ཕྱིར་འདྲེན་པའི་མོད་ལ་གཤེགས་སོ། ། |