78263

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྗེ་མཁན་ཁྲི་བདུན་པ་ངག་དབང་ཕྲིན་ལས་ (1)
Part of speech མིང་ཚིག
Definition ལྷོ་འབྲུག་ཤར་ཝ་ཅན་ཞལ་ངོའི་གདུང་རབས་སུ། རབ་བྱུང་བཅུ་གཅིག་པའི་ས་སྤྲེལ་༡༦༦༨ ལོར་འཁྲུངས། སྐུ་ནར་སོན་ནས་འདུས་སྡེར་ཞུགས། མཁན་བསོད་ནམས་འོད་ཟེར་དང༌། ཤཱཀྱ་འོད་ཟེར་ལས་སྡོམ་པའི་བསླབ་ཚིགས་རིམ་པར་མནོས། བཀའ་དྲིན་གསུམ་ལྡན་པད་དཀར་ལྷུན་གྲུབ་ལས་སྨིན་གྲོལ་ཆོས་ཚུལ་རྒྱ་མཚོ་གསན་སྒོམ་ཕྲུགས་མར་མཛད་པས། ཉམས་རྟོགས་འཁྲུངས། དེ་ནས་བུམ་ཐང་ཆོས་རྗེ་བྲག་དང་སྤ་གྲོ་སྟག་ཚང་དུ་བསྟན་པ་བསྐྱངས། རྒྱལ་སྲས་འཇིགས་ནོར་གྱི་ཡོངས་འཛིན་མཛད། དགུང་གྲངས་རེ་གསུམ་ལ་མཁན་ཁྲི་བཟུང་ནས་ལོ་ངོ་བརྒྱད་ཀྱི་བར་ལུང་རྟོགས་ཀྱི་བསྟན་པ་དར་རྒྱས་གནང༌། མི་བསྲུན་སྐྱེ་བོའི་བརླང་སྤྱོད་ཀྱིས་ཐུགས་སྐྱོ་ནས། དོན་གཅིག་ལ་དབེན་གནས་མཁོ་ཐང་བྲག་ཏུ་བྱོན། ཞབས་དྲུང་འཇིགས་གྲགས་གདན་འདྲེན་མཛད་པ་སོགས་བསྟན་འགྲོའི་དོན་ཅི་ཡང་མཛད་པའི་མཐར། དགུང་ལོ་དོན་དགུ་པ་མེ་སྟག་༡༧༤༦ ལོར་ཞི་བའི་དབྱིངས་སུ་གཤེགས་སོ། །