78265

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྗེ་མཁན་ཁྲི་བཞི་བཅུ་པ་པད་དཀར་འོད་ཟེར་ (1)
Part of speech མིང་ཚིག
Definition ལྷོ་འབྲུག་སྤང་གཤོངས་དགོན་དུ། རབ་བྱུང་བཅུ་བཞིའི་ཆུ་སྦྲུལ་ ༡༨༣༣ ལོར་འཁྲུངས། གཞོན་ནུ་ནས་གྲྭ་ཚང་དུ་ཞུགས། མཁན་པདྨ་བཟང་པོ་དང༌། ཡོན་ཏན་རྒྱལ་མཚན་ལས་བསླབ་ཚིགས་རིམ་པར་མནོས། ཕྱི་མ་ལས་ཐོས་བསམ་དང་སྨིན་གྲོལ་གདམས་པའི་ཁྲིད་རིམ་ལ་གསན་སྦྱོང་མཛད་དེ་མཁས་པར་གྱུར། དགུང་གྲངས་ཞེ་དྲུག་པ་ས་སྟག་ལ་མཚན་སློབ་ནས་མཁན་ཁྲིར་ཕེབས། ལོ་གསུམ་བསྟན་པ་བསྐྱངས་མཐར། ཞེ་དགུ་པ་ལྕགས་སྦྲུལ་ ༡༨༨༡ ལོར་མཁན་ཁྲིའི་ཐོག་ཏུ་གཤེགས་སོ། །