78266

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྗེ་མཁན་ཁྲི་བརྒྱད་པ་བསྟན་འཛིན་ནོར་བུ་ (1)
Part of speech མིང་ཚིག
Definition ལྷོ་འབྲུག་སྟོད་ལ་དྭགས་ཤཱཀྱའི་རྒྱལ་རྒྱུད་དུ། རབ་བྱུང་བཅུ་གཉིས་པའི་ས་སྦྲུལ་ ༡༦༨༩ ལོར་འཁྲུངས། བོད་དང་ལ་དྭགས་འཁྲུགས་སྐབས་སུ་འབྲུག་དང་མཐུན་འབྲེལ་ཟབ་གཤིས་ཡབ་ཀྱིས་གསང་ཐབས་སུ་ལྷོར་བརྫངས། བསེ་བ་ལ་བྱམས་མགོན་བླ་མས་རྗེས་སུ་བཟུང་ནས་འདུས་སྡེར་བཙུད། མཁན་བཟོད་ཕྲིན་ལས་བསླབ་ཚིགས་རིམ་པར་མནོས། རྒྱལ་སྲས་ཀུན་དགའ་ལས་སྨིན་གྲོལ་གདམས་པ་རྫོགས་པར་གསན་ཏེ། བཀའ་དྲིན་གསུམ་ལྡན་གྱི་བླ་མར་འཛིན། ཐོས་བསམ་སྒོམ་པའི་ཡོན་ཏན་བཟང་བས། རིན་སྤུངས་སྤྱི་བླར་བཞུགས། དེ་ནས་དགུང་གྲངས་ལྔ་བཅུ་ལ་མཁན་ཁྲིར་བྱོན། ལོ་དྲུག་གི་བར་དུ་བཤད་སྒྲུབ་ཀྱི་བསྟན་པ་བསྐྱངས་བའི་མཐར། དགུང་ལོ་ང་དྲུག་པ་ཤིང་བྱི་ ༡༧༤༤ ལོར་དགའ་ལྡན་དུ་གཤེགས་སོ། །