78270

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྗེ་མཁན་ཁྲི་ཞེ་དྲུག་པ་དམ་ཆོས་རྒྱལ་མཚན་ (1)
Part of speech མིང་ཚིག
Definition ལྷོ་འབྲུག་སྤ་གྲོ་སྤངས་པའི་སར། རབ་བྱུང་བཅུ་བཞིའི་མེ་རྟ་ ༡༨༤༦ ལོར་འཁྲུངས། གཞོན་ནུ་ནས་གཞུང་གྲྭར་ཞུགས། མཁན་ཚུལ་ཁྲིམས་རྒྱལ་མཚན་སོགས་ལས་བསླབ་ཚིགས་དང་ཐོས་བསམ་སྨིན་གྲོལ་རྣམས་མཐར་ཕྱིན་མཛད། དགུང་གྲངས་ཞེ་དགུ་པ་ཤིང་རྟ་ལ་མཁན་ཁྲིར་ཕེབས། ལོ་ལྔའི་བར་ཚོགས་པ་བསྐྱངས། དགུང་གྲངས་ང་བཞི་པ་ས་ཕག་ ༡༨༩༩ ལོར་ཁྲི་ཐོག་ཏུ་གཤེགས་སོ། །