78271

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྗེ་མཁན་ཁྲི་ཞེ་བདུན་པ་ཤེས་རབ་ལྷུན་གྲུབ་ (1)
Part of speech མིང་ཚིག
Definition ལྷོ་འབྲུག་ཐིམ་ཅང་དགེ་བསྙེན་དུ། རབ་བྱུང་བཅུ་བཞིའི་ཆུ་སྟག་ ༡༨༤༢ ལོར་འཁྲུངས། སྐུ་ནར་སོན་ཙམ་ནས་གྲྭ་སྡེར་ཞུགས། མཁན་ཡོན་ཏན་རྒྱལ་མཚན་སོགས་ལས་བསླབ་ཚིགས་དང་ཐོས་བསམ་སྨིན་གྲོལ་བཅས་གསན་སྒོམ་མཛད། དགུང་གྲངས་ང་བརྒྱད་པ་ས་ཕག་ལ་མཁན་ཁྲིར་ཕེབས། ལོ་གཉིས་བསྟན་པ་བསྐྱངས། དགུང་གྲངས་རེ་གཅིག་པ་ཆུ་སྟག་ ༡༩༠༢ ལོར་གཤེགས་སོ། །