78285

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྗེ་མཁན་ཁྲི་སུམ་ཅུ་པ་འཇམ་དཔལ་རྒྱ་མཚོ་ (1)
Part of speech མིང་ཚིག
Definition ལྷོ་འབྲུག་ཤར་སྦེད་ནག་ཏུ། རབ་བྱུང་བཅུ་གསུམ་པའི་ས་རྟ་ ༡༧༩༨ ལོར་འཁྲུངས། སྐུ་ནར་སོན་ནས་ཆོས་གྲྭར་ཞུགས། བཀའ་དྲིན་གསུམ་ལྡན་འཇམ་དཔལ་གྲགས་པའི་ཞལ་སྔ་ནས་བསླབ་ཚིགས་གསུམ་དང༌། སྨིན་གྲོལ་གདམས་སྐོར་གསན་སྒོམ་མཛད། དགུང་གྲངས་ང་གསུམ་ལ་མཁན་ཁྲིར་ཕེབས། དེ་སྐབས་སྡེ་གཟར་འཁྲུགས་ཟིང་གིས་ཐུགས་སུན་ཏེ། ལོ་གཅིག་བཞུགས་ནས་དབེན་པར་གཞོལ། སྐུ་ཚེའི་མཐར་སྒྲུབ་ལ་བསྐྱལ། དགུང་ལོ་རེ་གཅིག་པ་ས་རྟ་ ༡༨༥༨ ལོར་གཤེགས་སོ། །