78289

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྗེ་མཁན་ཁྲི་སོ་དགུ་པ་བློ་གྲོས་རྒྱལ་མཚན་ (1)
Part of speech མིང་ཚིག
Definition ལྷོ་འབྲུག་སྤ་གྲོ་དོལ་ཤར་གྱང་ས་ནང་དུ། རབ་བྱུང་བཅུ་བཞི་པའི་མེ་ཁྱི་ ༡༨༢༦ ལོར་འཁྲུངས། གཞོན་ནུ་ནས་གཞུང་སྡེར་ཞུགས། མཁན་ཤེར་རྒྱལ་དང༌། ཡོན་རྒྱལ་ལས་བསླབ་ཚིགས་སོགས་ཐོས་བསམ་སྨིན་གྲོལ་གདམས་པ་གསན་ཏེ་ཉམས་བཞེས་བསྟར། བལ་ཡུལ་དུ་བྱོན་ནས་མཆོད་རྟེན་བྱ་རུང་ཁ་ཤོར་ལ་སྲི་ཞུར་མཛད་དུས། བལ་རྒྱལ་ནས་གུས་བཀུར་གྱིས་རྡོའི་བྱ་ཁྱུང་རང་བྱོན་སོགས་ཕུལ་བ་ད་ལྟའང་ཁམས་གསུམ་ཟིལ་གནོན་གྱི་སྐུ་འབག་ཆེན་མོ་དང་ལྷན་དུ་ཡོད། དགུང་གྲངས་ལྔ་བཅུ་ལ་མཁན་ཁྲིར་ཕེབས། བསྟན་པ་སྐྱོང་བཞིན་པར་ཆུ་ཕོའི་ཆབ་ཚན་ལ་བྱོན་པའི་རྗེས་ཐོགས་སུ། ཕྱོགས་ལྷུང་ཅན་འགས་མཁན་པོ་གསར་བསྐོས་གྲུབ་པའི་དབང་གིས། ང་གསུམ་པར་ནཱ་ལེནྡྲའི་དབེན་ཁང་དུ་གཞོལ། རྟ་ནག་གི་སྒོ་ནས་མཐུས་སྐུ་དགྲ་བསྒྲལ་བས། ལྷོའི་མཐུ་ཆེན་དུ་གྲགས། ང་དགུ་པ་ཤིང་སྤྲེལ་ ༡༨༨༤ ལོར་གཤེགས་སོ། །