78290
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ལྷོ་འབྲུག་ཧད་དཀར་ཚོགས་དགོན་དུ། རབ་བྱུང་བཅུ་བཞི་པའི་ལྕགས་ལུག་ ༡༨༡༡ ལོར་འཁྲུངས། གཞོན་ནུ་ནས་གཞུང་གྲྭར་ཞུགས། མཁན་ཆོས་རྗེ་ཤཱཀ་རྒྱལ་དང༌། ཤེར་རྒྱལ་ལས་བསླབ་ཚིགས་རིམ་པར་ཞུས། ཕྱི་མ་ལས་ཐོས་བསམ་སྨིན་གྲོལ་གདམས་པའི་གསན་སྒོམ་མཛད་པས་མཁས་གྲུབ་མཆོག་ཏུ་གྱུར། ང་དགུ་ལ་མཁན་ཁྲིར་ཕེབས། ལོ་བཞིའི་བར་བསྟན་པ་ཆོས་ཀྱིས་བསྐྱངས། དེ་ནས་བཀྲ་ཤིས་སྒང་སྤོང་བ་བསམ་གཏན་གྱི་ཁང་བུར་བཞུགས་ཤིང༌། རྣམ་རྒྱལ་ཚེ་རིང་སོགས་སློབ་མ་འགའ་བྱུང༌། དགུང་ལོ་རེ་བདུན་པ་མེ་གླང་ ༡༨༧༧ ལོར་ཞི་བར་གཤེགས་སོ། ། |