78292

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྗེ་མཁན་ཁྲི་སོ་བཞི་པ་བཤད་སྒྲུབ་འོད་ཟེར་ (1)
Part of speech མིང་ཚིག
Definition ལྷོ་འབྲུག་རྟ་ལང་བཀྲ་ཤིས་འབྲུག་རྒྱལ་དགོན་དུ། རབ་བྱུང་བཅུ་བཞི་པའི་ལྕགས་རྟ་ ༡༨༡༠ ལོར་འཁྲུངས། གཞོན་ནུ་ནས་ཚོགས་སྒྲིགས་སུ་ཞུགས། མཁན་འཇམ་གྲགས་དང༌། ཤེར་རྒྱལ་ལས་བསླབ་ཚིགས་རིམ་པར་མནོས། ཁྱད་པར་ཤེར་རྒྱལ་དང༌། ཡོན་རྒྱལ་གཉིས་ལས་ཐོས་བསམ་སྨིན་གྲོལ་གདམས་པ་གསན་སྒོམ་གནད་སྨིན་མཛད། དགུང་གྲངས་ང་གཉིས་ལ་མཁན་ཁྲིར་ཕེབས། ལོ་བཞིའི་བར་བསྟན་དོན་རླབས་ཆེན་མཛད། ང་དྲུག་པར་མཁན་ཟུར་དུ་བཞུགས་ནས་བཀྲ་ཤིས་སྒང་དུ་གཟིམས་ཁང་བཏབ། རིག་འཛིན་སྙིང་པོ། བྱམས་པ་སྟོབས་བཟང༌། ཤར་བླ་བསྟན་འཛིན་དོན་གྲུབ་སོགས་སློབ་མ་མང་པོ་རྗེས་སུ་བཟུང༌། རེ་གསུམ་པ་ཆུ་སྤྲེལ་ ༡༨༧༢ ལོར་ཞིང་དུ་གཤེགས་སོ། །