78306

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྗེ་འབངས་ཉེར་ལྔ་ (1)
Part of speech མིང་ཚིག
Definition བོད་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་དུས་སློབ་དཔོན་པདྨ་འབྱུང་གནས་བོད་དུ་གདན་དྲངས་ཏེ་རྒྱལ་པོ་དང་གཞན་འབངས་མང་པོར་གསང་སྔགས་ཀྱི་ཆོས་གསུངས་ཏེ་གྲུབ་པ་ཐོབ་པའི་རྗེ་འབངས་ཉེར་ལྔ་སྟེ། ༡ ཁྲི་སྲོང་ལྡེའུ་བཙན། ༢ ནམ་མཁའི་སྙིང་པོ། ༣ སངས་རྒྱས་ཡེ་ཤེས། ༤ རྒྱལ་བ་མཆོག་དབྱངས། ༥ མཁར་ཆེན་བཟའ། ༦ དཔལ་གྱི་ཡེ་ཤེས། ༧ དཔལ་གྱི་སེང་གེ། ༨ བཻ་རོ་ཙ་ན། ༩ གཉགས་ཛྙཱ་ན་ཀུ་མ་ར། ༡༠ གཡུ་སྒྲ་སྙིང་པོ། ༡༡ རྡོ་རྗེ་བདུད་འཇོམས། ༡༢ ཡེ་ཤེས་དབྱངས། ༡༣ སོག་པོ་ལྷ་དཔལ། ༡༤ ཞང་ཡེ་ཤེས། ༡༥དཔལ་གྱི་དབང་ཕྱུག ༡༦ ལྡན་མ་རྩེ་མང༌། ༡༧ སྐ་བ་དཔལ་བརྩེགས། ༡༨ ཤུད་བུ་དཔལ་གྱི་སེང་གེ། ༡༩ རྒྱལ་བའི་བློ་གྲོས། ༢༠ ཁྱེའུ་ཆུང་ལོ། ༢༡ འོ་བྲན་དཔལ་གྱི་དབང་ཕྱུག ༢༢ རྨ་རིན་ཆེན་མཆོག ༢༣ ལྷ་ལུང་དཔལ་གྱི་རྡོ་རྗེ། ༢༤ ལང་གྲོ་དཀོན་མཆོག་འབྱུང་གནས། ༢༥ ལ་གསུམ་རྒྱལ་བ་བྱང་ཆུབ་བཅས་སོ། །
Domain ལོ་རྒྱུས།