78323

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྗེན་ (1)
Part of speech མིང་ཚིག
Definition སྒྲིབ་གཡོག་མེད་པའི་དོན།
Example ལུས་དམར་རྗེན་ལ་བུད་ཅེས་དང་། རྐང་རྗེན་ཞེས་དང་། ས་རྗེན་ཞེས་དང་། ནག་ཉེས་རྗེན་པར་བཏོན་ཅེས་པ་ལྟ་བུ།
རྗེན་ (1)
Part of speech རྒྱན་ཚིག
Definition ཁ་ཟས་མ་བཙོས་པའི་རིགས།
Example ཤ་རྗེན་ཟ་ཞེས་པ་ལྟ་བུ།
རྗེན་ (2)
Part of speech རྒྱན་ཚིག
Definition ཚྭ་སྡོར་སོགས་མེད་པའི་བཟའ་བཏུང་རྐྱང་བ།
Example རྩམ་རྗེན་ཟ་ཞེས་དང་། ཆུ་རྗེན་འཐུང་ཞེས་དང་། ཇ་རྗེན་འཐུང་ཞེས་དང་། ཐུག་རྗེན་ཞེས་པ་ལྟ་བུ།