78340

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྗེས་ (1)
Part of speech མིང་ཚིག
Definition སྔ་ཕྱི་གཉིས་ཀྱི་ནང་གི་ཕྱི་མ་སྟེ།
Keyword True
Example ང་སང་ཉིན་རྗེས་ལ་ཡོང་གི་ཡིན། ཁྱོད་ཀྱི་རྗེས་ལ་སུ་རེད། ངའི་རྗེས་སུ་ཤོག་ལྟ་བུ།
Antonyms སྔོན།
རྗེས་ (2)
Part of speech མིང་ཚིག
Definition གོམ་པ་སྤོ་ཤུལ་དང་ལག་པས་རེག་ཤུལ་དུ་དོད་པའི་རྐང་ལག་གི་རི་མོ་སྟེ།
Keyword True
Example རྐང་རྗེས་དང་ལག་རྗེས་གང་ལ་བལྟས་ཀྱང་རྐུན་མ་དེ་བྱིས་པ་ཆུང་ཆུང་ཞིག་ཡིན་ཁོ་ཐག་རེད་ལྟ་བུ།
རྗེས་ (3)
Part of speech མིང་ཚིག
Definition དངོས་པོ་སོགས་ས་ལ་བཞག་ཤུལ་དུ་དོད་པའི་རི་མོ་སྟེ།
Keyword True
Example ཆ་སྒམ་ནང་ནས་བླངས་པའི་དངོས་པོ་དེའི་རྗེས་ལ་བལྟས་ན་དངོས་པོ་དེ་དཔེ་ཆ་ཞིག་ཡིན་པ་ཤེས་ཐུབ་ལྟ་བུ།
རྗེས་ (4)
Part of speech མིང་ཚིག
Definition ཕྱི་རབས་པ་ལ་ཕན་པའི་བྱ་བ་བཟང་པོའམ་ལས་དོན་རླབས་པོ་ཆེ་སྟེ།
Keyword True
Example འགྲོ་བ་མིའི་རིགས་ལ་བྱས་རྗེས་བཞག ཚེ་གང་ཁོར་ཡུག་སྲུང་སྐྱོབ་ཐད་ལ་འབད་ནས་བྱས་རྗེས་རླབས་པོ་ཆེ་བཞག་ལྟ་བུ།
རྗེས་ (1)
Part of speech བྱ་ཚིག
Definition རྗེ་ཡི་སྐུལ་ཚིག
Keyword True
Transitive བྱ་བྱེད་ཐ་དད་པ།
Future [བརྗེ།]
Present [རྗེ།]
Past [བརྗེས།]
Imperative [རྗེས།]