From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
རྗེས་ཁྱབ་ (1)
| Part of speech
|
མིང་ཚིག
|
| Definition
|
རྗེ་ཙོང་ཁ་པའི་སྡེ་བདུན་ལ་འཇུག་པའི་སྒོ་དོན་གཉེར་ཡིད་ཀྱི་མུན་སེལ་ལས། རྗེས་ཁྱབ་ཀྱི་མཚན་ཉིད། རྟགས་དེ་སྒྲུབ་ཀྱི་སྒྲུབ་ཚུལ་ལྟར་མཐུན་ཕྱོགས་ཁོ་ནར་ཡོད་པར་ངེས་པའི་ཚུལ། ཞེས་དང་། ཕྱོགས་ཆོས་ཅན་དུ་སོང་བའི་གང་ཟག་གིས་གྲུབ་པའི་རྗེས་ཁྱབ་ཀྱི་མཚན་ཉིད། ཕྱོགས་ཆོས་ཅན་དུ་སོང་བའི་གང་ཟག་གིས་རྟགས་དེ་སྒྲུབ་ཀྱི་སྒྲུབ་ཚུལ་ལྟར་མཐུན་ཕྱོགས་ཁོ་ན་ལ་ཡོད་པར་ངེས་པའི་ཚུལ། ཞེས་གསུངས། རྗེས་ཁྱབ་ཀྱི་མཚན་ཉིད་གོང་མ་འདི་རྟགས་ཀྱི་རྗེས་ཁྱབ་ཙམ་གྱི་མཚན་ཉིད་ཡིན་ཏེ། རྗེ་ཙོང་ཁ་པའི་སྡེ་བདུན་ལ་འཇུག་པའི་སྒོ་དོན་གཉེར་ཡིད་ཀྱི་མུན་སེལ་ལས། དེས་ན། རྗེས་ལྡོག་གི་མཚན་ཉིད་གོང་མ་གཉིས་རྟགས་ཀྱི་རྗེས་ལྡོག་ཙམ་གྱི་མཚན་ཉིད་ཡིན་ནོ། །ཞེས་གསུངས།
|
| Domain
|
ཚད་མ།
|
རྗེས་ཁྱབ་ (2)
| Part of speech
|
མིང་ཚིག
|
| Definition
|
མདོ་སྡེ་བ། རྟགས་དེ་དེ་སྒྲུབ་ཀྱི་མཐུན་ཕྱོགས་ཁོ་ན་ལ་འགོད་ཚུལ་དང་མཐུན་པར་ཡོད་པ་ཉིད་དུ་ཚད་མས་ངེས་པ།
|
རྗེས་ཁྱབ་ (3)
| Part of speech
|
མིང་ཚིག
|
| Definition
|
སྒྲ་མི་རྟག་པར་སྒྲུབ་པའི་མཐུན་ཕྱོགས་ཁོ་ན་ལ་འགོད་ཚུལ་དང་མཐུན་པར་ཡོད་པ་ཉིད་དུ་ཚད་མས་ངེས་པ་ཡང་ཡིན། དེ་སྒྲུབ་ཀྱི་རྟགས་ཚུལ་གཉིས་པ་ཡང་ཡིན་པའི་གཞི་མཐུན་པར་དམིགས་པ།
|
རྗེས་ཁྱབ་ (4)
| Part of speech
|
མིང་ཚིག
|
| Definition
|
ཚུལ་གསུམ་གྱི་ནང་གསེས་ཤིག མཚན་ཉིད་ནི། དེ་ཡང་། པཎ་ཆེན་བསོད་ནམས་གྲགས་པའི་རྣམ་འགྲེལ་དགོངས་པ་རབ་གསལ་ལས། རང་ཉིད་སྒྲ་མི་རྟག་པར་སྒྲུབ་པ་ལ་རྟགས་ཚུལ་གཉིས་པར་སོང་བའི་གང་ཟག་གིས། རང་ཉིད་སྒྲ་མི་རྟག་པར་སྒྲུབ་པའི་མཐུན་ཕྱོགས་ཁོ་ན་ལ་ཡོད་པར་ངེས་པ་དེ། རང་ཉིད་དེ་སྒྲུབ་ཀྱི་རྗེས་ཁྱབ་ཡིན་པའི་མཚན་ཉིད། ཅེས་སོ། །
|