78343

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྗེས་ཁྱབ་ཀྱི་མཚན་ཉིད་ཀྱི་ཟུར་དུ་ངེས་བརྗོད་མཛད་པ་ (1)
Part of speech མིང་ཚིག
Definition རྗེས་ཁྱབ་གྲུབ་པ་ལ་སྐབས་ཀྱི་ཕྱི་རྒོལ་ཡང་དག་གིས་རྟགས་མཐུན་ཕྱོགས་ལ་མཐོང་ཙམ་གྱི་མི་ཆོག་པར། རྟགས་མཐུན་ཕྱོགས་ཁོ་ན་ལ་ཡོད་པ་ཉིད་དུ་ཚད་མས་ངེས་པར་ཅིག་དགོས་ཏེ། དེ་ཡང་། པཎ་ཆེན་བསོད་ནམས་གྲགས་པའི་རྣམ་འགྲེལ་དགོངས་པ་རབ་གསལ་ལས། རྗེས་ཁྱབ་ཀྱི་མཚན་ཉིད་ཟུར་དུ་ངེས་བརྗོད་མཛད་པ་ཆོས་ཅན། དགོས་པ་ཡོད་དེ། བྱས་པ་སྒྲ་མི་རྟག་པར་སྒྲུབ་པའི་འགལ་རྟགས་དང་། ངག་སྨྲ་ངག་སྨྲའི་སྐྱེས་བུ་ཕ་རོལ་པོ་ཀུན་མཁྱེན་དུ་སྒྲུབ་པའི་རྗེས་ཁྱབ་ཡིན་པ་བཅད་པའི་ཆེད་དུ་ཡིན་པའི་ཕྱིར།
Domain ཚད་མ།