78344

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྗེས་ཁྱབ་ཀྱི་མཚན་ཉིད་ཟུར་དུ་ངེས་པ་སྨོས་པ་ (1)
Part of speech མིང་ཚིག
Definition པཎ་ཆེན་བསོད་ནམས་གྲགས་པའི་རྣམ་འགྲེལ་དགོངས་པ་རབ་གསལ་ལས། ངེས་པ་སྨོས་པ་ལ་དགོས་པ་ཡོད་དེ། ངག་སྨྲ་ངག་སྨྲའི་སྐྱེས་བུ་ཕ་རོལ་པོ་ཀུན་མཁྱེན་དུ་སྒྲུབ་པའི་རྗེས་ཁྱབ་ཡིན་པ་བཅད་པའི་ཆེད་དུ་ཡིན་པའི་ཕྱིར། དེ་ལྟར་ཡང་འཐད་ལྡན་ཆུང་བ་ལས། ངེས་པའི་ཚིག་གིས་ནི་རྗེས་སུ་འགྲོ་བ་ལ་ཐེ་ཚོམ་ཟ་བའི་མ་ངེས་པ་ཉིད་བསལ་བ་ཡིན་ཏེ། ཇི་ལྟར་སྨྲ་བའི་ཕྱིར། འགའ་ཞིག་ནི་ཐམས་ཅད་མཁྱེན་པ་ཡིན་ནོ། །ཞེས་བྱ་བ་ཡིན་ནོ། །མཐུན་པའི་ཕྱོགས་ཐམས་ཅད་མཁྱེན་པ་ཉིད་ལ་སྨྲ་བ་ཉིད་ཐེ་ཚོམ་ཟ་བ་ཡིན་ནོ། །ཞེས་གསུངས།
Domain ཚད་མ།