78346

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྗེས་ཁྱབ་ཀྱི་མཚན་ཉིད་ཟུར་དུ་ཉིད་སྨོས་པ་ (1)
Part of speech མིང་ཚིག
Definition དེ་ཡང་། པཎ་ཆེན་བསོད་ནམས་གྲགས་པའི་རྣམ་འགྲེལ་དགོངས་པ་རབ་གསལ་ལས། ཉིད་སྨོས་པ་ལ་དགོས་པ་ཡོད་དེ། གཞལ་བྱ་སྒྲ་རྟག་པར་སྒྲུབ་པའི་རྗེས་ཁྱབ་ཡིན་པ་བཅད་པའི་ཆེད་དུ་ཡིན་པའི་ཕྱིར། ཚིག་དེ་ལ་བརྟེན་ནས་དེ་ཡིན་པ་ཁེགས་པར་འགྱུར་ཏེ། གཞལ་བྱ་སྒྲ་རྟག་པར་སྒྲུབ་པའི་མཐུན་ཕྱོགས་ཁོ་ན་ལ་ཡོད་པ་མ་ཡིན་པའི་ཕྱིར་ཏེ། དེ་དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་ལ་ཡང་ཡོད་པ་ཡིན་པའི་ཕྱིར་ཏེ། དེ་དེ་སྒྲུབ་ཀྱི་མཐུན་ཕྱོགས་མི་མཐུན་ཕྱོགས་གཉིས་ཀ་ལ་ཡོད་པའི་ཕྱིར། དེ་ལྟར་ཡང་འཐད་ལྡན་ཆུང་བ་ལས། ཉིད་སྨོས་པས་ཐུན་མོང་གི་མ་ངེས་པའི་གཏན་ཚིགས་བསལ་ཏེ། དེ་མཐུན་པའི་ཕྱོགས་ཁོ་ན་ལ་ཡོད་པ་མ་ཡིན་གྱི། འོ་ན་ཅི་ཞེ་ན། གཉིས་ཀ་ལ་ཡང་ཡོད་པ་ཡིན་ནོ། །
Domain ཚད་མ།