78347

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྗེས་ཁྱབ་ཀྱི་མཚན་ཉིད་ཟུར་དུ་ཡོད་པ་སྨོས་པ་ (1)
Part of speech མིང་ཚིག
Definition དེ་ཡང་། པཎ་ཆེན་བསོད་ནམས་གྲགས་པའི་རྣམ་འགྲེལ་དགོངས་པ་རབ་གསལ་ལས། དེའི་ཟུར་དུ་ཡོད་པ་སྨོས་པ་ལ་དགོས་པ་ཡོད་དེ། བྱས་པ་སྒྲ་རྟག་པར་སྒྲུབ་པའི་རྗེས་ཁྱབ་ཡིན་པ་བཅད་པའི་ཆེད་དུ་ཡིན་པའི་ཕྱིར། ཚིག་དེ་ལ་བརྟེན་ནས་དེ་ཡིན་པ་ཁེགས་པར་འགྱུར་ཏེ། བྱས་པ་སྒྲ་རྟག་པར་སྒྲུབ་པའི་མཐུན་ཕྱོགས་ལ་མེད་པའི་ཕྱིར། དེ་ལྟར་ཡང་འཐད་ལྡན་ཆུང་བ་ལས། འདིར་ཡང་ཡོད་པ་སྨོས་པས་འགལ་བ་བསལ་བ་ཡིན་ཏེ། དེ་ནི་མཐུན་པའི་ཕྱོགས་ལ་ཡོད་པ་མ་ཡིན་ནོ། །
Domain ཚད་མ།