78350

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྗེས་ཁྱབ་སྒྲུབ་བྱེད་ཀྱི་ཚད་མ་གསུམ་ (1)
Part of speech མིང་ཚིག
Definition ཚུལ་གསུམ་གྱི་ནང་གསེས་རྗེས་ཁྱབ་གྲུབ་པ་ལ་ངེས་པར་ཚང་དགོས་པའི་ཚད་མ་གསུམ་ཏེ། རྟགས་ཀྱི་མཚན་གཞི་ངེས་བྱེད་ཀྱི་ཚད་མ། དགག་བྱའི་ཆོས་ལ་རྟགས་འགོག་པའི་ཚད་མ། དགག་ཆོས་བསྒྲུབ་ཆོས་དངོས་འགལ་ངེས་བྱེད་ཀྱི་ཚད་མའོ། །པཎ་ཆེན་བསོད་ནམས་གྲགས་པའི་རྣམ་འགྲེལ་དགོངས་པ་རབ་གསལ་ལས། རྣམ་བཤད་དུ། བྱས་པ་མི་རྟག་པ་ཁོ་ན་ལ་ཡོད་པར་ངེས་པ་ལ་ཚད་མ་གསུམ་སྔོན་དུ་འགྲོ་དགོས་པར་གསུངས་ཀྱང་། མཇུག་ཏུ་སྔར་རྗེས་ཁྱབ་གྲུབ་པ་ལ་ཚད་མ་གསུམ་དགོས་པར་བཤད་པའི་ཐ་མའོ། །ཞེས་འབྱུང་བ་ལས་ན། བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་རྗེས་ཁྱབ་ཚད་མས་ངེས་པ་ལ་ཚད་མ་གསུམ་སྔོན་དུ་འགྲོ་དགོས་ཏེ། རྟག་མི་རྟག་དངོས་འགལ་དུ་ངེས་བྱེད་ཀྱི་ཚད་མ། བྱས་པ་ངེས་བྱེད་ཀྱི་ཚད་མ། རྟག་པ་ལ་བྱས་པ་འགོག་པའི་ཚད་མ་གསུམ་སྔོན་དུ་འགྲོ་དགོས་པའི་ཕྱིར།
Domain ཚད་མ།