78355

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྗེས་གནང་གིས་འགོག་པ་ (1)
Part of speech མིང་ཚིག
Definition ཡིད་ལ་མི་འདོད་པའི་བྱ་བ་ཞིག་དགག་བྱ་དང་། དེ་འགོག་བྱེད་ནི། ངག་འཇམ་པོའི་སྒོ་ནས་རང་གི་གྲོགས་པོའི་འདོད་པ་དང་བསྟུན་པའི་ཚུལ་གྱིས་མི་འདོད་པའི་བྱ་བ་དེ་སྒྲུུབ་པ་ལ་རྗེས་སུ་གནང་བའི་ཚིག་མངོོན་གསལ་དུ་བརྗོད་ཀྱང་། བྱ་བ་དེའི་འབྲས་བུ་ཡིད་དུ་མི་འོང་བ་ཞིག་འཕྲལ་དུ་འབྱུང་བ་ཚིག་ཟུར་ནས་བསྟན་པའི་ཤུགས་ལས་བྱ་བ་དེ་སྒྲུབ་པ་དགོག་པ་ཞིག་ཡིན།
Example བོད་མཁས་པས། ཆོས་ཀྱི་རྒྱལ་མཚན་སྒྲེང་ཁྱོད་དག་པའི་ཞིང་། །དོན་དུ་གཉེར་བཞེད་མཆིས་ན་དེ་བཞིན་མཛོད། ། ཆུ་བུར་དང་མཚུངས་སྙིགས་མའི་ལུས་ཅན་འགའ། །བྲལ་བས་གདུང་བས་ཡུན་རིང་འཚོ་མི་འགྱུར། །ཅེས་པ་ལྟ་བུའོ། །
Domain རྩོམ་རིག