78360
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མིང་བརྡ་འདོགས་ཚུལ་ཞིག་སྟེ། དངོས་པོ་བྱུང་བའི་རྗེས་སུ་འདྲ་བ་དང་། འབྲེལ་བ་སོགས་རྒྱུ་མཚན་གང་ཡང་རུང་བ་ཞིག་ལ་བརྟེན་ནས་བཏགས་པའི་མིང༌། དཔེར་ན་འདྲ་བ་རྒྱུ་མཚན་དུ་བྱས་ནས་བཏགས་པ་ནི། བྲམ་ཟེ་ཁ་ཆེ་སྣ་ཉག་ལ་སེང་གེ་ཟེར་བ་ལྟ་བུ། འབྲེལ་བ་རྒྱུ་མཚན་དུ་བྱས་ནས་བཏགས་པ་ནི། ཆུ་ལ་འཚོ་བ་སྐྱེལ་བའི་བྱ་ལ། ཆུ་བྱ་ཟེར་བ་ལྟ་བུ། རྒྱུ་དང་འབྲས་བུའི་སྒོ་ནས་བཏགས་པ་ནི། མེ་སྦར་བྱེད་ཀྱི་ཤིང་ལ་མེ་ཤིང་ཟེར་བ་ལྟ་བུ་མང་དུ་ཡོད་པས་གཞན་ལའང་རིགས་འགྲེའོ། ། |