78365

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྗེས་ཆོག་ (1)
Part of speech མིང་ཚིག
Definition སྔགས། དཀྱིལ་འཁོར་གྱི་རྗེས་ཀྱི་ཆོ་ག་སྟེ། ཆོ་ག་ལྷག་ཆད་ཀྱི་ཉེས་པ་ཞི་བ་དང་ལྷ་ཚིམ་པའི་ཕྱིར་ཞི་རྒྱས་ཀྱི་སྦྱིན་སྲེག་བྱ་བ་དང༌། དཀྱིལ་འཁོར་མཆོད་བསྟོད་དང་ཕྱོགས་སྐྱོང་ལ་གཏོར་མ་དབུལ་བ་དང༌། དཀྱིལ་འཁོར་ལ་ཕྱག་བྱས་ཏེ་བཟོད་གསོལ་བྱ་བ་དང༌། ཡེ་ཤེས་པ་གཤེགས་ནས་དམ་ཚིག་པ་རང་ལ་བསྡུས་ཏེ་རྡུལ་ཚོན་ཆུར་གཤེགས་དང༌། དགེ་བསྔོ་དང་བཀྲ་ཤིས་ཀྱིས་མཐའ་བརྒྱན་པར་བྱ་བའོ། །
Domain ཆོས་ལུགས།
རྗེས་ཆོག་ (2)
Part of speech མིང་ཚིག
Definition རྗེས་ནི། མེ་ལྟར་འབར་བ་ནས། མཉམ་པར་བཞག་པ་བསྲུངས་ནས་ཀྱང་། །མཇུག་ཏུ་མངོན་པར་མཆོད་ནས་ནི། །ལྷ་རྣམས་ཐམས་ཅད་གཤེགས་པར་གསོལ། །ཞེས་གསུངས་པ་ལྟར། བདག་བསྐྱེད་དཔའ་བོ་གཅིག་པ་ལ། བཛྲ་ཨ་བྷི་སོགས་དང་། བསྙེན་པ་རྒྱས་པ་ལ། བུདྡྷ་སྔོན་ལ་བརྗོད་པར་རིགས་ཀྱི་རྟགས་ཡིན་པས་ངེས་པར་དགོས་ཏེ་བདག་བསྐྱེད་ཀྱི་དབང་བསྐུར་སྐབས་སུ་གསལ། བྷྲི་ཏ་སོགས་ཀྱིས་བྱིན་གྱིས་བརླབ། བཛྲ་ཀྲོ་དྷའི་སྔགས་རྒྱས་བདག་གནས་རྣལ་འབྱོར་བསྲུང་། མདུན་བསྐྱེད་ལ་མཆོད་བསྟོད་གསོལ་བ་གདབ། བཟོད་པར་གསོལ་ཅིང་བརྟན་བཞུགས་བྱ་བ་རྣམས་དཀྱུས་བཞིན་ལས་བོགས་འདོན་རྒྱུ་ཆེར་མེད་གསུངས་སྣང་། རས་བྲིས་བློས་བསླང་གི་རྣམ་པ་ཅན་དེ་བྲིས་པ་ལྟར་གྱུར་པར་བསམ་མོ་ཞེས་ཤར་བླ་མའི་ཀུན་རིག་རྣམ་བཤད་གཞན་ཕན་མཛེས་རྒྱན་ལས་སོ། །