From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
རྗེས་དཔག་ (1)
| Part of speech
|
མིང་ཚིག
|
| Definition
|
རྟགས་མཐོང་ཞིང་འབྲེལ་བ་ངེས་པའི་རྗེས་སུ་བསྒྲུབ་བྱ་དཔོག་པའམ་གཞལ་བྱ་ལྐོག་གྱུར་འཇལ་བ་སྟེ།
|
| Example
|
དུ་བ་དང་ཆུ་སྐྱར་གྱི་རྟགས་ལས་མེ་དང་ཆུ་ཡོད་པར་དཔོག་པ་ལྟ་བུའོ། །
|
| Domain
|
ཚད་མ།
|
རྗེས་དཔག་ (2)
| Part of speech
|
མིང་ཚིག
|
| Definition
|
རྗེས་དཔག་ཞེས་པ་ནི། རྟགས་སམ་རྒྱུ་མཚན་ཡང་དག་ལ་བརྟེན་ནས་རང་གི་གཞལ་བྱ་གསར་དུ་རྟོགས་པའི་མི་བསླུ་བའི་རྟོག་པ་ཞིག་སྟེ། དེ་ལྟར་ཡང་མཁས་གྲུབ་སྦྱིན་པ་དར་རྒྱས་ཀྱིས་མཛད་པའི་དགའ་བྱང་བློ་རིག་གི་རྣམ་གཞག་ལེགས་བཤད་ཀུན་འདུས་ལུང་རིགས་ཀྱི་བང་མཛོད་ལས། གསར་དུ་མི་བསླུ་བའི་ཞེན་རིག་རྗེས་དཔག་གི་མཚན་ཉིད། དེ་དང་རྗེས་སུ་དཔག་པའི་ཚད་མ་དོན་གཅིག རྗེས་དཔག་གསར་དུ་མི་བསླུ་བའི་རིག་པ་རྗེས་དཔག་ཚད་མའི་མཚན་ཉིད་ཡིན་ཅིང་། རང་གི་རྟེན་དུ་གྱུར་བའི་རྟགས་ཡང་དག་བཀོད་པ་ལ་བརྟེན་ནས་སྐྱེས་པ་གང་ཞིག རང་གི་གཞལ་བྱ་ལྐོག་གྱུར་ལ་གསར་དུ་མི་བསླུ་བའི་ཞེན་རིག་དེ། རང་དོན་རྗེས་དཔག་གི་མཚན་ཉིད་ཡིན་ཏེ། ཚད་མ་ཀུན་བཏུས་ལས། རྗེས་དཔག་རྣམ་གཉིས་རང་དོན་ནི། །ཚུལ་གསུམ་རྟགས་ལས་དོན་མཐོང་ཡིན། །ཞེས་གསུངས་པའི་ཕྱིར་ཞེས་གསུངས། དེ་ལ་ངོ་བོའི་སྒོ་ནས་དབྱེ་ན། དངོས་སྟོབས་རྗེས་དཔག གྲགས་པའི་རྗེས་དཔག ཡིད་ཆེས་རྗེས་དཔག་དང་གསུམ། ཡང་དེ་ལ་སྒྲས་བརྗོད་རིགས་ཀྱི་སྒོ་ནས་དབྱེ་ན། རང་དོན་རྗེས་དཔག་དང་། གཞན་དོན་རྗེས་དཔག་གཉིས་སུ་ཡོད།
|