78382
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | ཚད་མ་ལ་གྲངས་ངེས་ཀྱི་སྒོ་ནས་གཉིས་དབྱེ་བའི་ཡ་གྱལ་ཞིག་སྟེ། རྗེ་ཙོང་ཁ་པའི་སྡེ་བདུན་ལ་འཇུག་པའི་སྒོ་དོན་གཉེར་ཡིད་ཀྱི་མུན་སེལ་ལས། རྗེས་དཔག་ཚད་མའི་མཚན་ཉིད། ཚུལ་གསུམ་ཚང་བའི་རྟགས་ལ་བརྟེན་ནས་རང་ཡུལ་ལྐོག་གྱུར་གསར་དུ་རྟོགས་པའི་བློ། དབྱེ་ན་(དངོས་སྟོབས་རྗེས་དཔག ། གྲགས་པའི་རྗེས་དཔག ། ཡིད་ཆེས་རྗེས་དཔག་དང་)གསུམ། ཞེས་གསུངས། |
Domain | ཚད་མ། |
{{#arraymap:རྗེས་དཔག་ཚད་མ་
|; |@@@ | | }}
Part of speech | མིང་ཚིག |
---|---|
Definition | ཚད་མའི་ནང་གསེས་ཤིག་སྟེ། རང་གི་རྟེན་རྟགས་ཡང་དག་ལ་བརྟེན་ནས་རང་གི་གཞལ་བྱ་ལྐོག་གྱུར་ལ་གསར་དུ་མི་བསླུ་བའི་རིག་པ། རྗེས་སུ་དཔག་པའི་ཚད་མའི་མཚན་ཉིད། རྗེས་དཔག་ལ་ཚད་མས་མ་ཁྱབ་པར་གསུངས། |
{{#arraymap:རྗེས་དཔག་ཚད་མ་
|; |@@@ | | }}
Part of speech | མིང་ཚིག |
---|---|
Definition | རང་གི་རྟེན་རྟགས་ཡང་དག་ལ་བརྟེན་ནས་རང་གི་གཞལ་བྱ་ལྐོག་གྱུར་བ་ལ་གསར་དུ་མི་བསླུ་བའི་རིག་པ་དེ། དེ་ལ་སྒྲས་བརྗོད་རིགས་ཀྱི་སྒོ་ནས་དབྱེ་ན། རང་དོན་རྗེས་དཔག་དང་། གཞན་དོན་རྗེས་དཔག་གཉིས་ཡོད། ཡང་དེ་ལ་རྣམ་གྲངས་ཀྱི་སྒོ་ནས་དབྱེ་ན། དངོས་སྟོབས་རྗེས་དཔག གྲགས་པའི་རྗེས་དཔག ཡིད་ཆེས་རྗེས་དཔག དཔེ་ཉེར་འཇལ་གྱི་རྗེས་དཔག་དང་བཞི་ཡོད་དོ། ། |
{{#arraymap:རྗེས་དཔག་ཚད་མ་
|; |@@@ | | }}
Part of speech | མིང་ཚིག |
---|---|
Definition | ཐལ་འགྱུར་བའི་ལུགས་ལྟར་ན། མཁས་གྲུབ་བསྟན་དར་བའི་དབུ་མའི་མཐའ་དཔྱོད་ལས། རང་གི་དངོས་ཀྱི་རྟེན་རྟགས་ཡང་དག་ལ་བརྟེན་ནས་རང་གི་གཞལ་བྱའི་གཙོ་བོ་ལྐོག་གྱུར་ལ་མི་བསླུ་བའི་རིག་པ། རྗེས་དཔག་ཚད་མའི་མཚན་ཉིད། དབྱེ་ན། དངོས་སྟོབས་རྗེས་དཔག ། ཡིད་ཆེས་རྗེས་དཔག ། དཔེ་ཉེར་འཇལ་གྱི་རྗེས་དཔག་དང་གསུམ། དང་པོ་ནི། བྱས་རྟགས་ལས་སྒྲ་མི་རྟག་པར་མི་བསླུ་བའི་རིག་པ་ལྟ་བུ། གཉིས་པ་ནི། དཔྱད་གསུམ་གྱིས་དག་པའི་ལུང་གི་རྟགས་ལས། སྦྱིན་པས་ལོངས་སྤྱོད་ཁྲིམས་ཀྱིས་བདེ། །ཞེས་པའི་ལུང་རང་གི་བསྟན་བྱའི་དོན་ལ་མི་བསླུ་བར་རྟོགས་པའི་རིག་པ་ལྟ་བུ། གསུམ་པ་ནི། རྭ་དང་རྨིག་པ་སོགས་བ་གླང་དང་འདྲ་བའི་རྟགས་ལས་བ་མིན་བ་གླང་དང་འདྲ་བར་རྟོགས་པའི་མི་བསླུ་བའི་རིག་པ་ལྟ་བུའོ། །ཞེས་གསུངས། |
{{#arraymap:རྗེས་དཔག་ཚད་མ་
|; |@@@ | | }}
Part of speech | མིང་ཚིག |
---|---|
Definition | རྗེས་དཔག་རྣམ་གཉིས་རང་དོན་ནི། །ཚུལ་གསུམ་རྟགས་ལས་དོན་མཐོང་ཡིན། །ཞེས་བྱ་བ། རྗེས་དཔག་རྣམ་པ་གཉིས་ཏེ། རང་གི་དོན་དང་གཞན་གྱི་དོན་ཏོ། །དེ་ལ་རང་དོན་ནི་རྗེས་དཔག་མཚན་ཉིད་པའོ། །རང་དོན་ནིི། ཚུལ་གསུམ་རྟགས་ལས་དོན་མཐོང་ཡིན། །ཚུལ་གསུམ་པའི་རྟགས་ལས་གཞལ་བྱ་རྟོགས་པའོ། །རྗེས་དཔག་ཚད་མ་ལ་མཚན་ཉིད་ལོགས་པ་མི་དགོས་ཏེ། རྣམ་གཅད་མེད་པའི་ཕྱིར་རོ། །ཞེས་འཇམ་མགོན་ས་པཎ་གྱི་རིགས་གཏེར་རང་འགྲེལ་ལས་སོ། ། ཚུལ་གསུམ་ཚང་བའི་རྟགས་ལས་བསྒྲུབ་བྱ་རྟོགས་པའི་བློ་སྟེ། ཚད་མ་མདོར། རྗེས་དཔག་རྣམ་གཉིས་རང་དོན་ནི། །ཚུལ་གསུམ་རྟགས་ལས་དོན་མཐོང་བའོ། །ཞེས་སོ། །རང་དོན་རྗེས་དཔག་དང་། རྗེས་དཔག་ཚད་མ་རྣམས་ནི་མིང་གི་རྣམ་གྲངས་ཡིན་པས་མཚན་ཉིད་ལོགས་སུ་མི་དགོས་སོ། །ཞེས་ཀུན་མཁྱེན་གོ་རམས་པའི་རིགས་གཏེར་གསལ་བྱེད་ལས་སོ། ། རྗེས་དཔག་ཅེས་པའི་སྒྲས་བརྗོད་པར་རིགས་པ་ཆོས་ཅན། གཉིས་ཡོད་དེ། རང་དོན་རྗེས་དཔག་དང་། གཞན་དོན་རྗེས་དཔག་གཉིས་སུ་ཡོད་པའི་ཕྱིར། དང་པོ་ནི་རྗེས་དཔག་མཚན་ཉིད་པ་ཡིན་ལ། གཉིས་པ་ནི། ཚུལ་གསུམ་པའི་རྟགས་སྟོན་པའི་ངག་གོ ། རང་དོན་རྗེས་དཔག་གི་མཚན་ཉིད་ནི། ཚུལ་གསུམ་པའི་རྟགས་ལས་གཞལ་བྱ་ལྐོག་གྱུར་རྟོགས་པའི་ཤེས་པ་སྟེ། མདོ་ལས། ཚུལ་གསུམ་རྟགས་ལས་དོན་མཐོང་ཡིན་ཞེས་སོ། །ཞེས་ཀུན་མཁྱེན་རོང་སྟོན་གྱི་རིགས་གཏེར་རྣམ་བཤད་ལས་སོ། ། |
{{#arraymap:རྗེས་དཔག་ཚད་མ་
|; |@@@ | | }}
Part of speech | མིང་ཚིག |
---|---|
Definition | རྗེས་དཔག་ལ་རང་དོན་རྗེས་དཔག་དང་། གཞན་དོན་རྗེས་དཔག་གཉིས་ཡོད་དེ། རང་གི་ཆེད་དུ་དཔོག་པ་དང་། གཞན་གྱི་ཆེད་དུ་དཔོག་པ་གཉིས་ཡོད་པའི་ཕྱིར། རང་དོན་རྗེས་དཔག་ནི་ཤེས་པ་ཡིན་ལ། གཞན་དོན་རྗེས་དཔག་ནི་སྒྲ་ཡིན་པས་ཤིན་ཏུ་ཐ་དད་པའི་ཕྱིར་མཚན་ཉིད་གཅིག་ཡོད་པ་མ་ཡིན་ནོ། །ཚུལ་གསུམ་པའི་རྟགས་ལས་བསྒྲུབ་བྱ་གསར་དུ་མཐོང་བའི་བློ་ནི་རང་དོན་རྗེས་དཔག་གི་མཚན་ཉིད་ཡིན་ནོ། །ཞེས་ཀུན་མཁྱེན་གཡག་སྟོན་གྱི་འོད་སྟོང་འཕྲོ་བ་ལས་སོ། །རང་དོན་རྗེས་དཔག་གི་མཚན་ཉིད་ནི། ཚུལ་གསུམ་པའི་རྟགས་ལས་དོན་ཏེ་གཞལ་བྱ་མཐོང་བ་སྟེ་རྟོགས་ཤིང་། འཇུག་ཡུལ་ལ་གསར་དུ་མི་སླུ་བའི་རིག་པ་ཡིན་པའོ། །ཞེས་པཎ་ཆེན་ཤཱཀ་མཆོག་གི་སྡེ་བདུན་རོ་མཚོ་ལས་སོ། ། |
{{#arraymap:རྗེས་དཔག་ཚད་མ་
|; |@@@ | | }}