78386

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྗེས་དྲན་ (1)
Part of speech མིང་ཚིག
Definition མི་སྣ་གང་ཞིག་གིས་བྱས་པའི་རླབས་ཆེན་གྱི་མཛད་པ་ལ་དྲན་གསོ་བྱས་པ།
Example བློན་པོ་སྟག་སྒྲ་ཀླུ་གོང་ལ་རྗེས་དྲན་བྱེད་པ་ཞེས་པ་ལྟ་བུ།
རྗེས་དྲན་ (2)
Part of speech མིང་ཚིག
Definition སྔགས། རྣལ་འབྱོར་བླ་མེད་རྒྱུད། དུས་འཁོར་སྦྱོར་དྲུག ཇོ་ནང་། རྗེས་སུ་དྲན་པ་ཞེས་བྱ་བ་ནི། རང་འདོད་པའི་ལྷ་མཐོང་བ་སྟེ། གཟུགས་བརྙན་གྱི་རྣམ་པར་རྟོག་པ་དང་བྲལ་བའོ། །དེ་ལས་འོད་ཟེར་དུ་མ་འཕྲོ་བའི་རང་བཞིན་འོད་ཀྱི་དཀྱིལ་འཁོར་ཏེ། དེ་ལས་རྣམ་པ་དུ་མ་འཕྲོ་བའི་གཟུགས་ཁམས་གསུམ་པ་སྤྲོ་བ་ཞེས་པ་རྗེས་སུ་དྲན་པའི་ཡན་ལག་ཏུ་བརྗོད་དོ། །ཞེས་པ་ལྟར། རྗེས་དྲན་གྱི་ཡན་ལག་གི་ངོ་བོ་ནི། སྟོང་གཟུགས་ཕྱག་རྒྱ་ཆེན་པོ་སྒྲུབ་པ་པོའི་ལུས་ཀྱི་དོད་དུ་གྱུར་ཏེ། སྟོང་གཟུགས་ཀྱི་ལྷ་སྐུ་ཡབ་ཡུམ་མཉམ་པར་སྦྱར་བས། སྒྲུབ་པ་པོའི་རགས་པའི་ལུས་ལ་དཀར་དམར་འབར་འཛག་ལ་བརྟེན་ནས། དགའ་བཞི་ལུགས་འབྱུང་ལུགས་ཟློག་རྫོགས་པ་རེ་ཡང་ཡང་བསྒོམས་ཤིང། དེ་འདྲ་བ་རེ་རེས་བདེ་བ་གོང་འཕེལ་དུ་འགྱུར་བ་མ་ཟད། སྟོང་གཟུགས་ཀྱི་དཀྱིལ་འཁོར་ཡང་གོང་འཕེལ་དུ་འགྱུར་ཏེ། དེ་ཡང་རང་ཉིད་འདོད་པའི་ལྷ་སྟེ་འཁོར་ལོའི་བདག་པོ་ཡབ་ཡུམ་ཏུ་ཤར་བ་དང། དེ་ལས་འཕྲོས་པའི་འོད་ཀྱི་དཀྱིལ་འཁོར་གྱིས་ཕྱི་ནང་ཐམས་ཅད་ཁྱབ་པ་དང། དེས་ཁྱབ་ཚད་དུ་ཁམས་གསུམ་པའི་གཟུགས་བརྙན་མཐའ་ཡས་པ་འཆར་བ་ཞེས་དང་། སྟོང་གཟུགས་རང་ངོས་ནས་ཆོས་ཉིད་ཡིན་པའི་ཕྱིར། རྩ་བ་དང་ཡན་ལག་གི་དབྱེ་བ་མེད་ཀྱང། སྐབས་འདི་ཉིད་ཀྱི་རིམ་པ་ལ་གནས་པའི་རྣལ་འབྱོར་བའི་བློ་ལ་འཆར་ཚུལ་དེ་ལྟར་ཡིན་པས། རྒྱུད་ལས་ཀྱང། རྗེས་སུ་དྲན་པས་ལེགས་པར་དག་པ་དྲི་མེད་འོད་ཀྱི་དཀྱིལ་འཁོར་དག་ཀྱང་ཡེ་ཤེས་གཟུགས་ལས་སོ། །ཞེས་ཡེ་ཤེས་ཀྱི་སྐུ་ལས་འོད་ཀྱི་དཀྱིལ་འཁོར་འབྱུང་བར་གསུངས་ཤིང། དཀྱིལ་འཁོར་ཞེས་པའི་ཚིག་ཟུར་གྱིས་དོན་དམ་སྲིད་གསུམ་མཐའ་དག་བསྟན་པའང་ཡིན་ནོ། །སྐུ་ལས་འཕྲོ་བའི་ཕྱིར་སྒྲུབ་པ་པོའི་སྣང་ངོ་ལ་ལུས་ཀྱི་ཕྱི་རོལ་ཁོ་ན་ཡིན་ནམ་སྙམ་ན། རང་འདོད་པའི་ལྷའི་སྐུ་ནམ་མཁའ་དང་འདྲ་བ་ལ་འོད་ཟེར་ཆེན་པོ་ཟླ་བ་ལྟར་འཆར་བའང་བཤད་པས། སྤྱིར་ཕྱི་ནང་གཉིས་ཀར་འཆར་བ་ཡིན་ཀྱང་ཚིག་ཏེ་རང་ལུས་ལ་འཆར་བ་ཉིད་གཙོ་བོ་ཡིན་པར་གསལ་ལོ། །རྗེས་དྲན་གྱི་ལམ་ཐམས་ཅད་སྟོང་གཟུགས་ཀྱིས་ཞུ་བདེ་བསྐྱེད་པ་ཡིན་ཀྱང། གྲོགས་ཕྱག་རྒྱ་གཞན་མེད་ན་དགའ་བཞི་རྫོགས་པར་བསྐྱེད་ཐུབ་པ་དང་མི་ཐུབ་པའི་གནས་སྐབས་གཉིས་ཡོད་དོ། །
Domain ཆོས་ལུགས།