78387

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྗེས་དྲན་གྱི་གཏུམ་མོ་ (1)
Part of speech མིང་ཚིག
Definition ཇོ་ནང་། སྔགས། རྣལ་འབྱོར་བླ་མེད་རྒྱུད། རྩ་འཁོར་ལོ་དྲུག་གསལ་བཏབ། གཙུག་ཏོར་གྱི་དབུ་མའི་ནང་དུ་ཐིག་ལེ་དཀར་པོ་བུའི་ནུ་མ་ལྟ་བུ་རིང་ཐུང་སོར་བཞི་ཙམ་དང། ལྟེ་བར་གཏུམ་མོ་དབྱུགས་བའི་གཟུགས་ཅན་ཁ་དོག་དམར་པོ་སོར་བཞི་པ་གསལ་བཏབ་ལ། བུམ་པ་ཅན་བཟུང་བས་གཏུམ་མོའི་མེ་འོད་རབ་ཏུ་རྒྱས་ཏེ། རྩ་འཁོར་ལོ་དྲུག་སོགས་ལུས་ཀྱི་ནང་ཐམས་ཅད་ཁ་དོག་དམར་ལམ་པ་དང། དྲོད་ཚ་འུར་བྱུང་བར་མོས། རིམ་པས་སྤྱི་བོའི་ཐིག་ལེ་ཞུ་བ་དབུ་མར་བབས་པས། དེའི་འོད་ཀྱིས་ལུས་ཀྱི་ནང་ཐམས་ཅད་དཀར་ལམ་པ་དང་། བདེ་ཆིལ་གྱིས་བྱུང་བར་བསམ་པས། མཐར་ཐིག་ལེ་གཏུམ་མོ་ལ་ཐིམ། མི་རྟོག་པར་ཅུང་ཟད་བཞག གཏུམ་མོའི་རྣམ་གྲངས་གཞན་ནི། སྙིང་ཁའི་འཁོར་ལོ་ནག་པོ་དང། ལྟེ་བའི་འཁོར་ལོ་སེར་པོ་ཁ་སྦྱོར་གྱི་འབར་འཛག་དང། མགྲིན་པ་དམར་པོ་དང་སྤྱི་བོ་དཀར་པོ་ཁ་སྦྱོར་གྱི་འབར་འཛག་དང། གཙུག་ཏོར་ལྗང་ཁུ་དང་གསང་བ་སྔོན་པོ་ཁ་སྦྱོར་གྱི་འབར་འཛག་བྱེད་པའང་ཡོད་དོ། །ཞེས་བྱུང་ངོ་། །
Domain ཆོས་ལུགས།