78395
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཇོ་ནང་། སྔགས། རྣལ་འབྱོར་བླ་མེད་རྒྱུད། རྗེས་དྲན་སྒོམ་པའི་མྱོང་རྟགས་ཏེ། འདོད་པའི་ལོངས་སྤྱོད། གཟུགས་ཀྱི་མཚན་མ། གཟུགས་མེད་པ། ཆོས་ཀྱི་དབྱིངས་ཀྱི་ཉམས་དང་བཅས་རིམ་པར་གསུངས་ཏེ། འདོད་པའི་ལྷའི་ལོངས་སྤྱོད་ཅེས་པ་འདོད་ཡོན་ཐམས་ཅད་སྟོང་གཟུགས་ཀྱི་གཟུགས་སྒྲ་དྲི་རོ་རེག་བྱར་འཆར་བ་དང་། གཟུགས་ཀྱི་མཚན་མ་ཞེས་པ་གཟུགས་ཁམས་པའི་ལྷ་ལྟར་རང་ལུས་སྟོང་གཟུགས་འོད་ཀྱི་སྐུར་འཆར་བ་དེ་ལས་འོད་ཟེར་དང་ལྷ་ཚོགས་རབ་འབྱམས་ནམ་མཁའ་ཁྱབ་པར་འཕྲོ་འདུ་བྱེད་པ་དང་། གཟུགས་མེད་པ་ཞེས་པ་ཐིག་ལེ་ཡོངས་རྫོགས་ཞུ་བའི་བདེ་བ་ཁྱད་པར་ཅན་སྐྱེ་བ་དང་། ཆོས་ཀྱི་དབྱིངས་ཀྱི་ཉམས་ཞེས་པ་གནས་ལུགས་དེ་ཁོ་ན་ཉིད་འཕགས་པས་ཉམས་སུ་མྱོང་བ་ལྟར་བདག་གིས་མྱོང་ངོ་སྙམ་པ་སོགས་འབྱུང་བའོ། །ཞེས་བྱུང་ངོ་། ། |
| Domain | ཆོས་ལུགས། |