78410
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | འབྲུག་གྲུབ་དབང་སངས་རྒྱས་རྡོ་རྗེས་མཛོ་སྒང་ཕྱོགས་སུ་དགོན་སྡེ་མང་དུ་བཏབ་པའི་ནང་གི་དགོན་འདི་རྗེས་མ་ཡིན་པས་མིང་དེ་ལྟར་གྲགས། དེ་རྗེས་ཀཿཐོག་སྒྲོ་བྲག་མཁན་ཆེན་གྱིས། སྒྲོ་བྲག་ཞོལ་གྱི་བཙུན་མོའི་སྒྲུབ་སྡེ་དང་ལྷན་དུ་པིས་ཁོག་ཏུ་བསྐྱར་གསོ་གནང་ཞིང་། ད་སྐབས་པིས་མདར་ཆགས་ཡོད། སྔོན་ཆད་སྙིང་ཐིག་ཉམས་བཞེས་ཀྱི་གྲུབ་བརྙེས་བཙུན་མ་མང་དུ་བྱུང་བར་གྲགས། དུས་འགྱུར་རྗེས་ནས་ཀྱང་སྙིང་ཐིག་རྩ་གསུམ་དང་། དཀོན་སྤྱི། སྔོན་འགྲོ་འབུམ་ལྔ་བསགས་སྦྱོང་གནང་། དུས་མཆོད་ཆགས་མེད་བྱེད་བཞིན་མཆིས། རིག་གསར་གྱི་རྗེས་སུ་བསྐྱར་གསོ་གནང་མཁན་སྒྲོ་བྲག་མཁན་ཆེན་གྱི་དངོས་སློབ་སྤྲུལ་བཻ་རོའི་གདུང་སྲས་བླ་མ་ཡེ་ཤེས་སེངྒེས་བསྐྱར་གསོ་གནང་ཞིང་། འདུ་ཁང་དང་། བཙུན་མོའི་ཇོ་ཁང་བཅས་ལེགས་འགྲུབ་བྱུང་། ཨ་འཛོམས་འབྲུག་པའི་སློབ་མ་བཙུན་མ་རྣམས་ཀྱི་ཀཿཐོག་པའི་ཆོས་བརྒྱུད་འཛིན་པ་ལགས། བཙུན་མའི་གྲངས་༥༠ཡོད། |