7842

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གནམ་ཆོས་མ་འགྱུར་རྡོ་རྗེ་ (1)
Part of speech མིང་ཚིག
Definition ཁོང་ནི་འཁྲུལ་ཞིག་དབང་དྲག་རྒྱ་མཚོའི་སྤྲུལ་སྐུ་ཡིན་ལ། ལྷོ་བརྒྱུད་ངོམ་གྱི་ཡུལ་དུ་ཆོས་རྒྱལ་ཆེན་པོའི་གདུང་རུས་ལས་འཁྲུངས། ཆུང་ནས་ཡོངས་འཛིན་དམ་པ་ཀརྨ་ཆགས་མེད་ཀྱིས་སྐྱོང་བར་མཛད། སྔོན་གྱི་སྐུ་སྐྱེ་མང་པོ་ཐུགས་ལ་དྲན། ལྷག་པའི་ལྷ་རབ་འབྱམས་ཀྱི་ཞལ་གཟིགས། དེ་རྣམས་ཀྱི་སྒྲུབ་ཐབས་དང་གདམས་ངག་མང་པོ་དངོ་སུ་མི་དང་མི་ལབ་པ་བཞིན་བསྩལ། གཏེར་ཆེན་བདུད་འདུལ་རྡོ་རྗེ་དང་མཇལ་ནས་ཐུགས་ཡིད་གཅིག་ཏུ་འདྲེས། དགུང་ལོ་བཅུ་དགུ་པར་གདན་ཞུས་ལྟར་ཀཿཐོག་ཏུ་ཕེབས། ཆོས་ཀྱི་འཁོར་ལོ་མང་པོ་བསྐོར། འཁྲུལ་ཞིག་གོང་མའི་མཆོད་ཆ་སོགས་ངོས་འཛིན་གནང་བས་སྐུ་གོང་མའི་ཞལ་སློབ་རྒན་པ་རྣམས་ལྷག་པར་དུ་ཡིད་ཆེས་ནས་མི་ཕྱེད་པའི་དད་པ་ཐོབ། སླར་རྨུགས་སངས་དགོན་དུ་ཕེབས་ནས། དཔལ་ཡུལ་རིག་འཛིན་ཀུན་བཟང་ཤེས་རབ་སོགས་སྔ་ཕྱི་འདུས་པ་སྟོང་ཕྲག་མང་པོ་ལ་དབང་དང་གདམས་ཁྲིད་གནང༌། དགུང་ལོ་ཉེར་བཞི་པར་རེ་ཞིག་གདུལ་བྱ་རྫོགས་ནས་གཟུགས་སྐུའི་བཀོད་པ་དབྱིངས་སུ་བསྡུས་སོ། །