78424

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྗེས་འཇུག་གི་དགོས་པ་ (1)
Part of speech མིང་ཚིག
Definition སྔོན་འཇུག་ཡོད་མེད་ལ་མ་ལྟོས་པར་མིང་གཞིའི་ཡི་གེ་གཅིག་གམ་གཉིས་སམ་དུ་མ་འདུས་ཀྱང་། དེ་ལ་རྗེས་འཇུག་གི་ཡི་གེ་བཅུ་པོ་རྣམས་ལས་གང་ཡང་རུང་བ་ཞིག་མ་ཞུགས་ཚེ། དེས་དོན་གྱི་ངོ་བོ་སྟོན་མི་ཐུབ་པར་བརྟེན། རྗེས་འཇུག་གི་ཡི་གེ་རྣམས་མིང་འགྲུབ་བྱེད་དུ་འཇུག་པའི་ཕྱིར་དང་། ཡང་། མིང་གཅིག་གམ་དུ་མ་སྦྲེལ་ཡང་དེ་ལ་མཚམས་སྦྱོར་བྱེད་དམ་དོན་གསལ་བྱེད་ཀྱི་རྣམ་དབྱེ་དང་། ཕྲད་སོགས་ཕལ་ཆེར་རྗེས་འཇུག་གི་ཡི་གེ་རྣམས་ལས་བྱུང་ཞིང་རྗེས་འཇུག་ལ་ལྟོས་པ་དེ་རྣམས་མ་ཞུགས་ན་དོན་གྱི་ཁྱད་པར་བརྗོད་པའི་ཚིག་ཏུ་འགྲུབ་མི་སྲིད་པས། མིང་གི་ཁོངས་ནས་ཚིག་དབྱུང་བའི་ཕྱིར་འཇུག་པ་དང་། དེ་ལྟ་བུའི་ཚིག་གིས་འཇིག་རྟེན་དུ་དོན་རྣམས་རྗོད་པར་བྱེད་པའི་ཕྱིར་དོན་མཚོན་པའི་བརྗོད་པ་ཇི་སྙེད་པའང་རྗེས་འཇུག་གི་ཡི་གེ་རྣམས་འཇུག་པའི་དགོས་པ་ཡིན།
Domain སྒྲ་རིག་པ།