7845
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། ཡེ་གཤེན་རྒྱུད། བོན། གསང་བ་སྔགས་ཀྱི་ཡི་དམ་གྱི་དཀྱིལ་འཁོར་གང་ཞིག་ལ་འཇུག་པ་ལ་ཐོག་མར་ཡི་དམ་གང་སྒྲུབ་ཀྱི་དཀྱིལ་འཁོར་བཞེངས་བསྐྲུན་གྱི་ཆེད་དུ་གནས་ལ་ཐིག་གདབ་དགོས་པས། འདི་ནི་བར་གྱི་ནམ་མཁའ་ལ་ཐིག་གདབ་པ་སྟེ་ཐིག་ཐག་ནམ་མཁར་བཀྲམ་སྟེ། ཤར་སེར་པོ། བྱང་ལྗང་ཁུ། ནུབ་དམར་པོ། ལྷོ་སྔོན་པོར་ཐིག་གདབ་པའོ། །དེའི་མཚོན་དོན་ནི། དང་པོ་ཐིག་ཐག་ནམ་མཁར་བཀྲམ་པས་ནམ་མཁའི་དཀྱིལ་འཁོར་མཚོན་ལ། དེ་ནས་སེར་པོས་ས་དང་། ལྗང་ཁུས་རླུང། དམར་པོས་མེ། སྔོན་པོས་ཆུ་སྟེ། འབྱུང་ལྔའི་དཀྱིལ་འཁོར་དུ་མཚོན་པའོ། །ཐིག་འདེབས་པ་པོ་གཤེན་ལྷ་དང་ཐིག་སྐུད་སྐུ་ལྔའི་འོད་ཟེར་དུ་དམིགས་ཤིང་གདབ་དགོས་པར་གསུངས་སོ། ། |
| Domain | ཆོས་ལུགས། |