78477

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྗེས་སུ་དྲན་པའི་རྟོག་པ་ (1)
Part of speech མིང་ཚིག
Definition མདོ། མངོན་པ། རྗེས་སུ་དྲན་པའི་རྟོག་པ་ནི། ཡིད་ཀྱི་རྣམ་ཤེས་དང་མཚུངས་པར་ལྡན་པའི་མིང་ལ་མ་ལྟོས་པར་དོན་དྲན་པ་མཉམ་པར་བཞག་མ་བཞག་ཐམས་ཅད་ཉིད་ཡིན་པར་ཤེས་པར་བྱའོ་ཞེས་མཛོད་འགྲེལ་མངོན་པའི་རྒྱན་ལས་སོ། ། རྗེས་དྲན་གྱི་རྣམ་རྟོག་ནི་ཡིད་ཀྱི་རྣམ་ཤེས་དང་མཚུངས་ལྡན་གྱི་དྲན་པ་གང་ཞིག་མིང་ལ་མི་ལྟོས་པར་དམིགས་པའི་དོན་ཉམས་སུ་མྱོང་བ་ཙམ་ལ་འཇུག་པ་མཉམ་པར་བཞག་མ་བཞག་ཐམས་ཅད་དེ་གཉི་གར་རུང་བ་ཉིད་དོ་ཞེས་མཆིམས་བློ་བཟང་གྲགས་ཀྱི་ཆོས་མངོན་པ་གསལ་བྱེད་ལེགས་པར་བཤད་པའི་རྒྱ་མཚོ་ལས་སོ། །
Domain ཆོས་ལུགས།