78479
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། འདུལ་བ། དགེ་སློང་ཕ་རོལ་པོས་དགེ་འདུན་འབྱེད་པར་བྱེད་པ་ན་རང་ཉིད་དེའི་རྗེས་སུ་འབྲང་ནས་གྲོགས་བྱེད་པ་ལ་བཟློག་ཀྱང་མ་བཏང་པ་ལས་གྱུར་བའི་ལྟུང་བ་ཞིག་ལ་ཟེར། དེའི་ངོ་ཏི་ནི། པཎ་ཆེན་འདུལ་བ་ལས། དགེ་སློང་གིས་དགེ་སློང་ཕ་རོལ་པོས་དགེ་འདུན་འབྱེད་པའི་གྲོགས་བྱེད་པ་ལ་ཟློག་པ་ལྔས་ཟློག་ཀྱང་མ་བཏང་པ་ན་ལྷག་མ་འགྱུར་བའི་ཕྱིར། གླེང་གཞི་ནི། རྒྱལ་པོའི་ཁབ་ཏུ་ལྷས་བྱིན་གྱི་ནང་འཁོར་བཞིས་ལྷས་བྱིན་དགེ་འདུན་དབྱེན་བྱེད་པའི་གྲོགས་བྱས་པ་ལས་དགེ་འདུན་ལྷག་མར་བཅས་སོ། །དགག་བྱ་ནི་རང་རིགས་ཀྱི་དགེ་འདུན་ལ་གནོད་པའོ། །ཞེས་གསུངས། |
| Domain | ཆོས་ལུགས། |