78483

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྗེས་སུ་བསྟན་པའི་ཆོ་འཕྲུལ་ (1)
Part of speech མིང་ཚིག
Definition མདོ། ཐུགས་རྗེའི་རྫུ་འཕྲུལ་ལས་སྐྱེ་བའི་ཆོ་འཕྲུལ་བཞིའི་ཡ་གྱལ་ཞིག་སྟེ། ཆོས་ཉིད་ཀྱི་རྗེས་སུ་ཐ་སྙད་ཐམས་ཅད་གསལ་བར་བསྟན་པའི་ཆོ་འཕྲུལ་ཡིན་ཕྱིར་རྗེས་སུ་བསྟན་པའི་ཆོ་འཕྲུལ་ཞེས་བྱ། འདིའི་དོན་ནི་གཟི་ལྡན་འཆར་ཁའི་འོད་སྣང་ལས། གང་འདུལ་བའི་སྣོད་དུ་རུང་བའི་གདུལ་བྱའི་འགྲོ་བ་ཐམས་ཅད་ཀུན་ལ། རང་རང་སོ་སོའི་སྐད་དང་ཆོས་མཐུན་པར་ཇི་ལྟར་འདུལ་བའི་ཐབས་ཀྱི་སྒོ་ནི་སྣ་ཚོགས་པ་རྣམས་སུ་གང་ལ་གང་གིས་ཇི་ལྟར་འདུལ་བ་དེ་ལྟར་སྟོན་པར་ནུས་པ་ནི་གསུང་རྗེས་སུ་བསྟན་པའི་ཆོ་འཕྲུལ་ཏེ། ཞེས་པ་བཞིན་ཀུན་འདུས་རིག་པ་ལས་ཀྱང་། རྗེས་སུ་བསྟན་པའི་ཆོ་འཕྲུལ་ནི། །འདུལ་བའི་འགྲོ་བ་ཐམས་ཅད་ལ། །སོ་སོའི་སྐད་དུ་ཆོས་མཐུན་པར། །འདུལ་བའི་སྒོ་ནི་སྣ་ཚོགས་སུ། །སོ་སོའི་སྐད་དུ་སྟོན་པར་ནུས། །དེ་དག་རྗེས་སུ་བསྟན་པ་ཡིན། །ཞེས་གསུངས་སོ། །
Domain ཆོས་ལུགས།