78496
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རྗེས་ཁྱབ་དང་ལྡོག་ཁྱབ་གྲུབ་པ་ལ་རྟགས་ཆོས་འབྲེལ་བར་ངེས་པ་ལ་ལྟོས་དགོས་པའི་དོན། སྤྲོས་ན། རྟགས་དེ་མཐུན་ཕྱོགས་ཁོ་ན་ལ་ཡོད་པར་ངེས་པ་དང་ལྷན་ཅིག་ཏུ་རྟགས་དེ་མི་མཐུན་ཕྱོགས་ལ་མེད་པར་ངེས་པ་དེ་དང་། རྟགས་དེ་ཡིན་ན་གསལ་བ་དེ་ཡིན་པའི་ཁྱབ་པ་རྟོགས་པ་དང་ལྷན་ཅིག་ཏུ་རྟགས་དེ་ཡིན་ན་མི་མཐུན་ཕྱོགས་དེ་མ་ཡིན་དགོས་པའི་ཁྱབ་པ་རྟོགས་པའི་ཚད་མ་གཉིས་དོན་གཅིག དེ་ངེས་པ་ལ་སྔོན་དུ་རྟགས་ཆོས་ཀྱི་འབྲེལ་བར་ངེས་པ་ལ་ངེས་པར་ལྟོས་དགོས་པ། པཎ་ཆེན་བསོད་ནམས་གྲགས་པའི་རྣམ་འགྲེལ་དགོངས་པ་རབ་གསལ་ལས། བྱས་རྟགས་ཀྱིས་སྒྲ་མི་རྟགས་པ་སྒྲུབ་པའི་རྗེས་སུ་འགྲོ་ལྡོག་གི་ཁྱབ་པ་ངེས་པ་ལ། བྱས་མི་རྟག་གི་འབྲེལ་བ་ངེས་པ་སྔོན་དུ་འགྲོ་དགོས་པ་དང་། འབྲེལ་བ་དེ་ངེས་པ་ལ་མི་རྟག་པ་ལྡོག་སྟོབས་ཀྱིས་བྱས་པ་ལྡོག་པར་ངེས་པ་སྔོན་དུ་འགྲོ་དགོས་ཤིང། མི་རྟག་པ་ལྡོག་སྟོབས་ཀྱིས་བྱས་པ་ལྡོག་པར་ངེས་པ། རྟག་པ་བྱས་སྟོང་དུ་ངེས་པ། རྟག་པ་དང་བྱས་པའི་གཞི་མཐུན་མེད་པར་ངེས་པ། རྟག་པ་ལ་བྱས་པ་མེད་པར་ངེས་པ་རྣམས་དོན་གཅིག་པ་དང་། དེ་བཞིན་དུ་རྟག་པའི་རྟགས་ཀྱིས་ནམ་མཁའ་མ་བྱས་པར་སྒྲུབ་པའི་རྗེས་སུ་འགྲོ་ལྡོག་གི་ཁྱབ་པ་ངེས་པ་ལ་རྟག་པ་དང་མ་བྱས་པའི་འབྲེལ་བ་ངེས་པ་སྔོན་དུ་འགྲོ་དགོས་པ་དང་། འབྲེལ་བ་དེ་ངེས་པ་ལ། མ་བྱས་པ་ལྡོག་སྟོབས་ཀྱིས་རྟག་པ་ལྡོག་པར་ངེས་པ་སྔོན་དུ་འགྲོ་དགོས་ཤིང་། མ་བྱས་པ་ལྡོག་སྟོབས་ཀྱིས་རྟག་པ་ལྡོག་པར་ངེས་པ། བྱས་པ་རྟག་སྟོང་དུ་ངེས་པ། བྱས་པ་དང་རྟག་པའི་གཞི་མཐུན་མེད་པར་ངེས་པ། བྱས་པ་ལ་རྟག་པ་མེད་པར་ངེས་པ་རྣམས་དོན་གཅིག་པའི་ཞིབ་ཆ་སྦྱར་བར་བྱ་སྟེ། རྣམ་བཤད་དུ། རྗེས་སུ་འགྲོ་ལྡོག་གི་ཁྱབ་པ་ནི། རྟགས་ཀྱི་མཚན་གཞི་བྱས་པ་ལྟ་བུ་གཞིར་བཟུང་ནས། དེ་ཉིད་མཐུན་ཕྱོགས་ཁོ་ན་ལ་ཡོད་པར་ངེས་པ་དང་། མི་མཐུན་ཕྱོགས་ལ་མེད་པ་ཁོ་ནར་ངེས་པ་དེ་ཡིན་ལ། དེ་ལ་སྔར་བཤད་པའི་འབྲེལ་བའི་དོན་ལྡོག་ངེས་པ་སྔོན་དུ་འགྲོ་དགོས་པ་ཡིན་ནོ། །ཞེས་སོ། ། |
| Domain | ཚད་མ། |