78497
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | དེ་ཡང་རྗེས་སུ་འགྲོ་ལྡོག་གི ། སྒོ་ནས་ཕྲུགས་གསུམ་རྣམ་པ་གཉིས། །ཞེས་བྱ་བ། མ་དམིགས་པ་སྔོན་དུ་འགྲོ་བའི་ཕྲུགས་གསུམ་ཁྱད་པར་ཅན་ནི། དང་པོ་ས་ཕྱོགས་དག་པར་མེ་དུད་གཉིས་ཀ་སྣང་རུང་མ་དམིགས་པ་ལས་མེ་མཐོང་བའི་ཚེ་རྟོག་པས་མེའི་གཞན་སེལ་བཟུང། དེ་ནས་དུ་བ་མཐོང་བའི་རྗེས་སུ་རྟོག་པས་དུ་བའི་གཞན་སེལ་བཟུང་ནས་ད་ལྟར་གྱི་དུ་བ་འདི་སྔར་གྱི་མེ་མེད་ན་མི་འབྱུང་ཞེས་རྟོག་བཅས་ཀྱི་བློས་འབྲེལ་བ་ངེས་པར་བྱེད་དོ། །དམིགས་པ་སྔོན་དུ་འགྲོ་བའི་ཕྲུགས་གསུམ་སྟེ། དང་པོ་འབྲས་སུ་སྐྱེ་བ་མ་མཐོང་བ། དེ་ནས་སྐྱེད་བྱེད་ཀྱི་རྒྱུ་མེ་མ་མཐོང་བ། དེ་ནས་བསྐྱེད་པའི་འབྲས་བུ་དུ་བ་མ་མཐོང་བ་སྟེ་གསུམ་མོ། །འདི་ནི་སྔོན་མཐའ་མི་ངེས་པ་ལ་ཡིན་ཞིང་། སྔ་མ་ནི་ཕྱི་མཐའ་མི་ངེས་པ་ལ་འཇུག་ལ་གཉིས་ཀ་ལྟར་ཡང་ཕྲུགས་གསུམ་ཡིན་ནོ། །སྔར་མ་དམིགས་པས། རྒྱུ་གཞན་ལས་སྐྱེ་བ་ཁེགས་ཤིང་འབྲས་བུའི་ལྡོག་པ་གྲུབ་ལ། སྔར་མེད་པ་དང་ཕྱིས་སྐྱེ་བ་དམིགས་པ་གཉིས་ཀྱིས་གཏན་མི་སྐྱེ་བ་དང་། རྒྱུ་མེད་ལས་སྐྱེ་བ་ཁེགས་ཤིང་འབྲས་བུའི་རྗེས་འགྲོ་གྲུབ་པས་རྒྱུའི་མཐའ་གསུམ་ཁེགས་ལ། འབྲས་བུའི་མཚན་ཉིད་རྗེས་སུ་འགྲོ་ལྡོག་གཉིས་གྲུབ་པས་རྗེས་འགྲོ་ཕྲུགས་གསུམ་དང་། དེ་བཞིན་དུ་ལྡོག་པའི་ཕྲུགས་གསུམ་གྱིས་གྲུབ་བོ། །ཞེས་འཇམ་མགོན་ས་པཎ་གྱི་རིགས་གཏེར་རང་འགྲེལ་ལས་སོ། ། |
| Domain | ཚད་མ། |