78503
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ་དགོངས་པ་འདུས་པའི་ལེའུ་བཞི་བཅུ་ཞེ་གསུམ་པ་ཡིན། ལེའུ་འདི་རྒྱུད་དེའི་བཤད་རྒྱུད་དུ་གཏོགས་ཤིང་། ནང་དོན་ལ་བྱུང་ཚུལ་བཅུ་གཉིས་ཀྱི་བཅུ་པ་ལུང་ཆེན་ངེས་པར་བསྟན་པའི་བྱུང་ཚུལ་ལས། བདེར་གཤེགས་སྔོན་བྱུང་རྒྱལ་པོས་ལུང་བསྟན་པ་དང། སངས་རྒྱས་འོད་མཐའ་ཡས་ཀྱིས་ལུང་བསྟན་པ་དང། སངས་རྒྱས་ཀུན་གྱི་དགེ་བའི་བཤེས་གཉེན་གྱིས་ལུང་བསྟན་པ་དང། བཟང་རྒྱན་དཔལ་གྱིས་ལུང་བསྟན་པ་དང། དཀོན་མཆོག་དཔལ་གྱིས་ལུང་བསྟན་པ་དང། ཤཱཀྱ་ཐུབ་པས་ལུང་བསྟན་ཚུལ་བཅས་བསྟན། རྒྱུད་ཆེན་པོ་འདིའི་ལུགས་ལ་ཆོས་ཉིད་བརྒྱུད་ནས་སྟོན་པ་དང་ཅར་ཕོག་ཏུ་སྟོན་པ་ལ་དྲང་དོན་ངེས་དོན་དུ་བྱས་པའི་ལེའུ་འདིས་ངེས་དོན་སྟོན་ཞེས་གཟི་ལྡན་འཆར་ཁའི་འོད་སྣང་དུ་གསལ་ལོ། ། |