78515

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྗེས་སུ་ཡི་རང་སྒོམ་ལམ་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། ཐེག་ཆེན་འཕགས་པའི་རྒྱུད་ཀྱི་རང་གཞན་གྱི་དགེ་རྩ་ལ་དགའ་བ་སྒོམ་པའི་སེམས་བྱུང་ཞིག་ལ་རྗེས་སུ་ཡི་རང་སྒོམ་ལམ་ཞེས་ཟེར། མཚན་ཉིད་ནི། པཎ་ཆེན་ཕར་ཕྱིན་སྤྱི་དོན་ལས། རྗེས་སུ་ཡི་རང་སྒོམ་ལམ་གྱི་ངོ་བོ་ཡང་བཞག་ཏུ་ཡོད་དེ། བྱང་སེམས་སྒོམ་ལམ་པའི་རྒྱུད་ཀྱི་རང་གཞན་གྱི་དགེ་རྩ་ལ་དགའ་བ་བསྒོམས་པའི་ཡིད་བདེ་ནི་རྗེས་སུ་ཡི་རང་ཡིན་ལ། དེ་དང་མཚུངས་པར་ལྡན་པའི་ཟག་པ་དང་བཅས་པའི་རྗེས་ལ་མངོན་རྟོགས་ཅིག་ལ་འཇོག་པའི་ཕྱིར། བྱང་སེམས་སྒོམ་ལམ་པའི་རྒྱུད་ཀྱི་མོས་བསྔོ་རྗེས་སུ་ཡི་རང་གསུམ་གང་རུང་ཡིན་ན། མོས་པ་སྒོམ་ལམ་སོགས་སྒོམ་ལམ་གསུམ་གང་རུང་ཡིན་པས་ཁྱབ་ཀྱང། སྒོམ་ལམ་གསུམ་གང་རུང་ཡིན་ན། དེ་གསུམ་གང་རུང་ཡིན་པས་མ་ཁྱབ་སྟེ། དེ་གསུམ་གང་རུང་ཡིན་ན་སེམས་བྱུང་ཡིན་དགོས། སྒོམ་ལམ་གསུམ་གྱིས་བསྡུས་པའི་གཙོ་སེམས་ཡོད་པའི་ཕྱིར། དེ་ལྟར་ན་བྱང་སེམས་སྒོམ་ལམ་པའི་རྒྱུད་ཀྱི་ཟག་པ་དང་བཅས་པའི་རྗེས་ཐོབ་ཡེ་ཤེས་ཀྱི་སྟེང་ནས་མོས་བསྔོ་རྗེས་སུ་ཡི་རང་སྒོམ་ལམ་གསུམ་བཞག་སྟེ། ཡུམ་དོན་ཐམས་ཅད་ཀྱི་འབྱུང་གནས་སུ་ཡིད་ཆེས་པར་བྱེད་པའི་ཆ་ནས་མོས་པ་སྒོམ་ལམ་དེ་བཞག ། རང་གཞན་གྱི་དགེ་རྩ་རྫོགས་བྱང་དུ་བསྒྱུར་བར་བྱེད་པའི་ཆ་ནས་བསྔོ་བ་སྒོམ་ལམ་དེ་བཞག ། རང་གཞན་གྱི་དགེ་རྩ་ལ་དགའ་བ་སྒོམ་པར་བྱེད་པའི་ཆ་ནས་རྗེས་སུ་ཡི་རང་སྒོམ་ལམ་དེ་བཞག་པའི་ཕྱིར། ཞེས་གསུངས་སོ། །
Domain ཆོས་ལུགས།
རྗེས་སུ་ཡི་རང་སྒོམ་ལམ་ (2)
Part of speech མིང་ཚིག
Definition མཚན་ཉིད་ནི། ཟག་བཅས་སྒོམ་ལམ་གང་ཞིག ཐབས་ཤེས་ཟུང་འཇུག་གི་སྒོ་ནས་རང་བཞིན་གྱི་དགེ་བ་ལ་དགའ་བ་སྒོམ་པར་བྱེད་པའི་དད་པ་མཚུངས་ལྡན་དང་བཅས་པའོ། །ཞེས་ཀུན་མཁྱེན་གོ་རམས་པའི་སྦས་དོན་རབ་གསལ་ལས་སོ། ། པཎ་ཆེན་ངག་དབང་ཆོས་ཀྱིས། མཚན་ཉིད་ནི། ས་གཉིས་པ་ཐོབ་པའི་ཐེག་ཆེན་གྱི་བསྒོམ་ལམ་རྗེས་ཐོབ་ཡེ་ཤེས་གང་ཞིག ། དགེ་རྩ་ལ་དགའ་བ་ཡང་དག་པར་བསྒོམ་པའི་དད་པ་མཚུངས་ལྡན་དང་བཅས་པའོ། །དབྱེ་བ་ནི། ཆུང་ངུའི་ཆུང་ངུ་ནས་ཆེན་པོའི་ཆེན་པོའི་བར་དགུ་ས་གཉིས་པ་ནས་ས་བཅུ་པའི་བར་ལ་སྦྱོར་ཚུལ་སྔར་ལྟར་རོ། །མོས་བསྔོ་རྗེས་སུ་ཡི་རང་གི་བསྒོམ་ལམ་གསུམ་ལ། འཕགས་སེང་གི་འགྲེལ་པར། ཟག་བཅས་སྒོམ་ལམ་དུ་བཤད་པ་ཡོད་ཀྱང། གཟུང་འཛིན་གཉིས་སྣང་དང་བཅས་པ་ལ་ཟག་བཅས་ཀྱི་མིང་གི་བཏགས་པ་ཙམ་ཡིན་གྱི། ཟག་བཅས་མཚན་ཉིད་པ་ནི་མ་ཡིན་ཏེ། ཐེག་ཆེན་འཕགས་པའི་མཁྱེན་པ་ཡིན་པའི་ཕྱིར་རོ། །ཞེས་རྒྱན་འགྲེལ་དགོངས་དོན་རབ་གསལ་ལས་གསུངས་སོ། ། པཎ་ཆེན་ཤཱཀ་མཆོག་གིས། མཚན་ཉིད་ནི། རང་གཞན་གྱི་དགེ་རྩ་ལ་མངོན་པར་དགའ་བའི་དད་པ་དང་དབང་ལྡན་གྱི་ཚུལ་དུ་མཚུངས་པར་ལྡན་པའི་ཟག་པ་དང་བཅས་པའི་ཐེག་ཆེན་གྱི་རྗེས་ལ་མངོན་རྟོགས། འདི་ལ་དབྱེ་བ་མ་བཤད་ལ། ས་མཚམས་ནི། ས་གཉིས་པ་ནས་བཅུ་པའི་བར་རོ། །ཞེས་རྒྱན་འགྲེལ་ལུང་དོན་རྒྱ་མཚོ་ལས་སོ། །