From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
རྗེས་སུ་ཤེས་པ་ (1)
| Part of speech
|
མིང་ཚིག
|
| Definition
|
རྟོགས་པ།
|
རྗེས་སུ་ཤེས་པ་ (2)
| Part of speech
|
མིང་ཚིག
|
| Definition
|
མདོ། མངོན་པ། ཤེས་པ་བཅུའི་ནང་གསེས་གཉེན་པོ་རྒྱུ་ལས་ཕྱེ་བ་ཞིག རྗེས་སུ་རྟོགས་པའི་ཤེས་པ་སྟེ། ཁམས་གོང་མ་གཉིས་ཀྱིས་བསྡུས་པའི་ཆོས་ལ་བདེན་བཞི་ཇི་ལྟར་མཐོང་བས་མཐོང་སྤང་སྤངས་ཏེ་བྲལ་འབྲས་ཉམས་སུ་མྱོང་བའི་རྣམ་གྲོལ་ལམ་མོ། །དེའི་དམིགས་པ་ནི་གཟུགས་དང་གཟུགས་མེད་པ་ན་སྤྱོད་པའི་སྡུག་བསྔལ་དང་དེ་ཀུན་འབྱུང་བ་དང་། འགོག་པ་དང་ལམ་རྣམས་སོ། །རྗེས་སུ་ཤེས་པ་ནི་ཁམས་གོང་མའི་སྤང་བྱའི་གཉེན་པོ་ཡིན་པར་ངེས་ལ། འདོད་ཁམས་ཀྱི་སྤང་བྱའི་གཉེན་པོ་རྗེས་སུ་ཤེས་པ་རྣམ་པ་ཐམས་ཅད་དུ་མ་ཡིན་ཏེ། འདོད་པའི་སྤང་བྱ་ཆོས་ཤེས་པས་སྤངས་ཟིན་པའི་དང་། འོག་མའི་སྤང་བྱ་མ་སྤངས་པར་གོང་མའི་གཉེན་པོ་སྐྱེ་བའང་མི་སྲིད་པའི་ཕྱིར་རོ། །དེ་ནི་མི་རྟག་པ་ལ་སོགས་རྣམ་པ་བཅུ་དྲུག་ཅན་ཡིན་ལ། དེའི་ངོ་བོ་ནི་དགེ་བ་འབའ་ཞིག་ཡིན་ནོ། །དེ་བཞིན་དུ་རྗེས་ཤེས་པ་དེ་ཉིད་ནི་བསམ་གཏན་བཞི་དང་མི་ལྕོགས་མེད་པ་དང་བསམ་གཏན་ཁྱད་པར་ཅན་ཏེ་དྲུག་པོ་དེ་དང་གཟུགས་མེད་དང་པོ་གསུམ་སྟེ་དགུ་ན་ཡོད་ལ། འདི་ནི་དྲན་པ་ཉེར་གཞག་བཞི་པོ་རེ་རེ་ནས་ཡིན་པ་ཡོད་དེ། ཅི་རིགས་པ་རེས་འགའ་ལུས་ནས་རེས་འགའ་ཆོས་ཀྱི་བར་དུ་དམིགས་པའི་ཕྱིར་རོ། །དེ་ཡང་ཁམས་གསུམ་པའི་རྟེན་ཅན་ཡང་ཡིན་ནོ། །འདིས་ཤེས་པ་བཅུ་ལས་དགུ་དམིགས་པ་བྱེད་དེ། ཆོས་ཤེས་པ་མ་གཏོགས་སོ། །ཡང་འདིས་ཤེས་བྱའི་ཆོས་ཐམས་ཅད་ཆོས་བཅུར་དབྱེ་བ་ལས་བདུན་ལ་དམིགས་པར་བྱེད་དེ། གཟུགས་དང་གཟུགས་མེད་ན་སྤྱོད་པ་དང་ཟག་མེད་འདུས་བྱས་གཉིས་གཉིས་ཏེ་དྲུག་དང་འདུས་མ་བྱས་དགེ་བ་སྟེ་བདུན་པོ་ལའོ། །
|
| Domain
|
ཆོས་ལུགས།
|