78534

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྗོད་བྱེད་ (1)
Part of speech མིང་ཚིག
Definition ཁ་སྟེ། གཏམ་བརྗོད་པར་བྱེད་པས་ནའོ། །
Type མངོན་བརྗོད།
རྗོད་བྱེད་ (2)
Part of speech མིང་ཚིག
Definition དོན་གོ་བར་བྱེད་པའི་བརྡ་དེ་རྗོད་བྱེད་ཀྱི་མཚན་ཉིད། མཚན་གཞི་ནི། འཆད་པའི་ཚེ་ཞེན་པའི་རྗོད་བྱེད་དུ་སོང་ཚོད་ནི། སྒྲ་སྤྱི་ཞེས་བྱ་བ་ལྡན་པ་མ་ཡིན་པའི་འདུ་བྱེད་དེ་ཡིན་ལ། ཞེན་པའི་རྗོད་བྱེད་དུ་རློམ་ཚོད་ནི། བུམ་པ་ཞེས་པའི་སྒྲ་རང་མཚན་པ་དེ་ཡིན་ནོ། །དོན་དེ་དག་ཀྱང་ཇི་སྐད་དུ། འཆད་ཚེ་རྣམ་པར་ཕྱེ་བས་མཁས། །འཇུག་ཚེ་གཅིག་ཏུ་འཁྲུལ་བས་ཐོབ། །ཅེས་གསུངས་སོ། །དབྱེ་བ་ལ། རྗོད་བྱེད་ལ་ངོ་བོའི་སྒོ་ནས་དབྱེ་ན། སོང་ཚོད་ཀྱི་རྗོད་བྱེད་དང་། རློམ་ཚོད་ཀྱི་རྗོད་བྱེད་གཉིས་སོ། །རྗོད་ཚུལ་གྱི་སྒོ་ནས་ཕྱེ་ན། ཆོས་བརྗོད་ཀྱི་སྒྲ་དང་། ཆོས་ཅན་བརྗོད་པའི་སྒྲ་གཉིས་སོ། །བརྗོད་བྱའི་དོན་སྟོན་ཚུལ་གྱི་སྒོ་ནས་དབྱེ་ན། མིང་། ཚིག ཡི་གེ་གསུམ་མོ། །ཞེས་པཎ་ཆེན་ཤཱཀ་མཆོག་གི་རྟོག་གེ་འཁྲུལ་འཇོམས་ལས་སོ། ། དབྱེ་བ་ལ། བུམ་པ་ཞེས་པའི་སྒྲས་བུམ་པ་བརྗོད་པ་ལྟ་བུ་ལ་མཚོན་ན། འཆད་དུས་རྗོད་བྱེད་དང་། འཇུག་དུས་ཀྱི་རྗོད་བྱེད་གཉིས་ལས། འཆད་དུས་ཀྱི་རྗོད་བྱེད་ལ་དངོས་ཀྱི་རྗོད་བྱེད་དང་། ཞེན་པའི་རྗོད་བྱེད་གཉིས། དངོས་ཀྱི་རྗོད་བྱེད་ནི་བུམ་པ་ཞེས་བརྗོད་པའི་སྒྲ་སྤྱི་ལྟ་བུ། ཞེན་པའི་རྗོད་བྱེད་ནི་བུམ་པ་ཞེས་བརྗོད་པའི་སྒྲ་རང་མཚན་པ་ལྟ་བུའོ། །དེང་སང་སྒྲའི་དངོས་ཀྱི་བརྗོད་བྱ་ཡིན་ན། རང་མཚན་མ་ཡིན་པས་ཁྱབ་པ་ཙམ་ཞིག་རིགས་གཏེར་ལ་ཞེ་སྨོན་བྱེད་པ་རྣམས་ཀྱི་བློ་ལ་སྣང་ན་ཡང་། དངོས་ཀྱི་རྗོད་བྱེད་ཡིན་ན། རང་མཚན་མ་ཡིན་པས་ཁྱབ་པ་ད་དུང་བློ་ལ་མི་ཤོང་བར་སྣང་ངོ། །བདག་ཉིད་ཆེན་པོའི་དགོངས་པ་ལ་ཁྱད་པར་མེད་དེ། སྒྲ་ཐོས་པའི་ཉན་ཤེས་ཀྱི་རྗེས་སུ་བྱུང་བའི་རྟོག་པ་ལ་སྒྲ་འདིས་དོན་འདི་བརྗོད་པར་འདུག་གོ་སྙམ་པའི་རྗོད་བྱེད་དུ་སྣང་བ་ལ་དངོས་ཀྱི་རྗོད་བྱེད་དུ་འཇོག་པའི་ཕྱིར་རོ། །འཇུག་དུས་ཀྱི་རྗོད་བྱེད་ལ་གཉིས་སུ་ཕྱེ་བ་མེད་དེ། དེའི་ཚེ་རྟོག་པ་ལ་སྣང་བའི་སྒྲ་སྤྱི་དང་། ཉན་ཤེས་ལ་སྣང་བའི་སྒྲ་རང་མཚན་པ་གཉིས་པོ་གཅིག་ཏུ་འཁྲུལ་ནས་འཇུག་པའི་ཕྱིར་རོ། །རྗོད་བྱེད་ངོ་བོའི་སྒོ་ནས་དབྱེ་བ་ལ། ཡི་གེ་དང་། མིང་དང་། ཚིག་དང་། ངག་གོ ། ཡུལ་གྱི་སྒོ་ནས་དབྱེ་བ་ལ། ཆོས་དང་ཆོས་ཅན་བརྗོད་པའི་སྒྲ་དང་། རིགས་དང་ཚོགས་པ་བརྗོད་པའི་སྒྲའོ། །བྱེད་ལས་ཀྱི་སྒོ་ནས་དབྱེ་བ་ལ། མི་ལྡན་རྣམ་གཅོད། གཞན་ལྡན་རྣམ་གཅོད། མི་སྲིད་རྣམ་གཅོད་ཀྱི་ངག། །ཅེས་ཀུན་མཁྱེན་གོ་རམས་པའི་རིགས་གཏེར་གསལ་བྱེད་ལས་སོ། །
Domain ཚད་མ།