78538

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྗོད་བྱེད་ལས་མཁན་གྱི་གཞི་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། རྗོད་བྱེད་ལས་མཁན་གྱི་གཞི་ནི་འགྲེང་བ་མ་ཡིན་པ་དང་འཁྲུལ་བཅས་མ་ཡིན་པ་སོགས་འོས་ཆོས་རྣམས་ཚང་བར་ལྡན་པ་ཞིག་དགོས་ལ། དེ་ཡང་པཎ་ཆེན་གྱི་འདུལ་བ་ལུང་རིགས་ཉི་མ་ལས། གཉིས་པ་རྗོད་བྱེད་ལས་མཁན་གྱི་གཞི་ཡོད་དེ། དེ་དག་ནི་བྱེད་པ་པོ་ཉིད་མ་ཡིན་ནོ། །ཞེས་པའི་མདོ་ལས་ནི། མི་འདུག་པར་འགྲེང་བ་ནས། འཁྲུལ་བཅས་ཀྱི་བར་གང་རུང་དང་ལྡན་པའི་དགེ་སློང་དེ་ནི་ལས་མཁན་དུ་མི་འོས་པའི་ཕྱིར་ཏེ། དེ་ལས་བྱས་ཀྱང་བྱས་པར་མི་འགྱུར་བའི་ཕྱིར། དམིགས་བསལ་ཀྱང་ཡོད་དེ། འདོན་པ་པོ་མཚན་ཉིད་པ་གཞན་མེད་ན་ཕྱིར་བཅོས་ལ་ཞུགས་པའི་ས་གཞན་ན་གནས་པ་ཡང་སོ་སོ་ཐར་པའི་མདོ་འདོན་པ་པོ་རུང་བའི་ཕྱིར། མདོར། ལྷག་མ་དང་བཅས་པ་ཕྱིར་འཆོས་པ་ལ་ཞུགས་པ་ནི་འདོན་པར་བྱེད་པ་ཉིད་ཡིན་ནོ། །ཞེས་འབྱུང་བ་ལྟར་ཡིན་པའི་ཕྱིར། ཞེས་གསུངས།
Domain ཆོས་ལུགས།