From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
གནམ་བསྐོས་ (1)
| Part of speech
|
མིང་ཚིག
|
| Definition
|
སྔར་གྱི་རྒྱལ་པོ་རྣམས་ལ་ཆེ་བསྟོད་ཀྱི་འབོད་མིང་སྟེ། མི་རྣམས་ཀྱི་མགོན་སྐྱོབ་ཏུ་ལྷ་བསྐོས་པར་འདོད་པས་དེ་ལྟར་གྲགས།
|
གནམ་བསྐོས་ (2)
| Part of speech
|
མིང་ཚིག
|
| Definition
|
བསོད་ནམས་ཀྱི་དོན་ཏེ། མིང་གཅིག་དོན་མང་ལ་འཇུག་ཚུལ་བཤད་པ་ལས། གནམ་བསྐོས་ཞེས་པ་བསོད་ནམས་དང༌། །རྒྱལ་པོའི་མིང་གི་ཆེ་ཁྱད་ཡིན། །ཞེས་འབྱུང་བ་ལྟ་བུ།
|
གནམ་བསྐོས་ (3)
| Part of speech
|
མིང་ཚིག
|
| Definition
|
རྒྱལ་པོ་སྟེ། གནམ་སྟེ་ལྷ་ཡིས་མི་ཡུལ་དུ་བསྐོས་པའི་རྒྱལ་བོ་ཡིན་པས་སོ། །
|
| Type
|
མངོན་བརྗོད།
|