78600
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། འདུལ་བ། རྙེད་པ་ལ་ཡིད་གཉིས་ཟ་བའི་མ་མ་ནི་དང་པོ་འགྲོ་བའི་ཚེ་མཚམས་དང་རྙེད་པ་གཉིས་ཀ་ལ་ཡིད་གཉིས་ཟ་བའི་མཚམས་ལས་འདས་པ་སོགས་དྲུག་ཡོད་པའོ། །དེ་ཡང་པཎ་ཆེན་གྱི་འདུལ་བ་ལུང་རིགས་ཉི་མ་ལས། བཞི་པ་རྙེད་པ་ལ་ཡིད་གཉིས་ཟ་བའི་མ་མ་དྲུག་ཡོད་དེ། དང་པོ་འགྲོ་བའི་ཚེ་མཚམས་དང་རྙེད་པ་གཉིས་ཀ་ལ་ཡིད་གཉིས་ཟ་བའི་མཚམས་ལས་འདས་པ་དང་། དང་པོ་དེ་མེད་ཀྱང་མཚམས་ཀྱི་ཕྱི་རོལ་དུ་ཡིད་གཉིས་ཟ་བ་གཉིས་པོ་དེ་སྐྱེས་པ་དང་། དང་པོ་འགྲོ་བའི་ཚེ་མཚམས་ལ་རེ་བ་མེད་ཅིང་རྙེད་པ་ལ་ཡིད་གཉིས་ཟ་བས་མཚམས་ལས་འདས་པ་དང་། མཚམས་ཀྱི་ཕྱི་རོལ་དུ་དེ་བསྐྱེད་པ་གཉིས་དང་། མཚམས་ལ་རེ་བ་ཡོད་ཅིང་རྙེད་པ་ལ་ཡིད་གཉིས་ཟ་བས་སྲ་བརྐྱང་ཕྱུང་བའི་གཏམ་མཚམས་ཀྱི་ཕྱི་རོལ་དུ་ཐོས་པ་དང་། ནང་དུ་ཐོས་པ་གཉིས་ཏེ་དྲུག་གིས་ཆོས་གོས་བྱིན་བརླབས་རང་ཞིག་ཏུ་འགྱུར་བའི་ཕྱིར་ཏེ། ཡིད་གཉིས་ནི་ངེས་པས་འབྱིན་པར་བྱེད་པ་དང་འདྲའོ་ཞེས་པའི་མདོས་གྲུབ་པའི་ཕྱིར། ཞེས་གསུངས། |
| Domain | ཆོས་ལུགས། |