78601
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། འདུལ་བ། གླེང་གཞི་ནི་སྦོམ་དགའ་མོས་དགེ་སློང་མ་རྣམས་ལ་སྨྲས་པ། ཕུ་ནུ་མོ་དག་བྲམ་ཟེ་ཡ་མཚན་ཅན་རྣམས་ཀྱིས་བརྡེགས་ནས་ཀླད་པ་གས་པར་གྱུར་ན་མི་རུང་གིས། ཧ་ཅང་སྔ་བར་བསོད་སྙོམས་ལ་མ་འགྲོ་ཞིག་ཅེས་གཞན་རྣམས་འགྲོ་བ་བཟློག་ནས། རང་ཉིད་ནང་པར་ཆེས་སྔ་བ་ཞིག་ཏུ་བསོད་སྙོམས་ལ་ཞུགས་པ་དང་། བྲམ་ཟེ་ཡ་མཚན་གྱིས་བརྡེགས་པས་མིག་ཕུགས་སྣད་ཅིང་དབྱར་ཁང་དུ་འོངས་པ་ལས་སོ། །དགག་བྱ་ནི་རང་རིགས་ལ་གནོད་པ་དང་རང་བཞིན་གྱིས་དགག་བྱར་འགྱུར་བའོ། །དགེ་སློང་མ་གཞན་གྱིས་གྲོང་ནས་བསོད་སྙོམས་རྙེད་པ་ཡན་ཆད་ཀྱི་རྙེད་པ་ལ་སེར་སྣ་བྱེད་པ་ན་ལྟུང་བྱེད་དུ་འགྱུར་རོ། །ཞེས་ཀུན་མཁྱེན་མཚོ་སྣ་བའི་མདོ་རྩའི་རྣམ་བཤད་ཉི་མའི་འོད་ཟེར་ལས་སོ། ། རྙེད་པ་ལ་སེར་སྣ་བྱེད་པ་ནི། སེར་སྣ་བྱེད་པ་ལས་གྱུར་པའི་ལྟུང་བྱེད་དོ། །ཞེས་པཎ་ཆེན་ངག་ཆོས་ཀྱི་འདུལ་བའི་སྤྱི་དོན་ཐུབ་བསྟན་ཉིན་བྱེད་ལས་སོ། ། |
| Domain | ཆོས་ལུགས། |